ཀ་ཕྲེང་རྨོངས་སེལ་དབྱངས་རྟ། གདུགས་ཆུང་།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གདུགས་ཆུང་།
ཀྭ་ཡེ་གསོན་དང་ཕྱོགས་བཞིའི་སློབ་གྲོགས་ཚོ།།
ཁ་བརྡ་མང་པོས་ཉི་མ་མི་གཏོང་བར།།
ག་ལེར་གྲོགས་མཆོག་ང་ལ་ཚུར་གསོན་དང་།།
ང་དང་ཁ་བ་བོད་མིའི་སྐྱིད་སྡུག་གླེང་།།
ཅ་ཅོའི་འདུ་འཛི་ཆེ་བའི་སློབ་གླིང་འདི།།
ཆ་མེད་རྒྱུས་མེད་སློབ་གྲོགས་མང་ན་ཡང་།།
ཇ་ཆང་ཟས་ལ་རོལ་བཞིན་དུས་ཟད་པ།།
ཉ་ཉོག་གཡོ་སྒྱུའི་ལས་དང་ཡོངས་སུ་བཀྱེད།།
ཏ་ལེན་ཕྲག་ཏུ་འཁུར་བའི་ལས་མ་མྱོང་།།
ཐ་མག་ལ་སོགས་མི་དགེ་བཅུ་ལ་རོལ།།
ད་ལྟའི་དཔྱིད་དཔལ་བསྐལ་བཟང་ཤར་བ་ན་ཡང་།།
ན་ཚོ་རྒས་པའི་དུས་སུ་སུ་ལ་བརྟེན།།
པ་ཕའི་གསུང་སྐད་སྙན་མོ་སེམས་ལ་བཟུང་།།
ཕ་ཡུལ་མཛེས་པའི་ཕྱོགས་སུ་ཕུགས་འདུན་འཛུགས།།
བ་གླང་ལྟར་དུ་མི་སྡོད་བརྩོན་པ་ཡིས།།
མ་ལོའི་བཀའ་བཞིན་སྐྱོང་བ་ཡིད་ལ་བཟུང་།།
ཙ་ན་ཡིན་ཡང་རིག་པའི་གཞུང་འདི་གཙོ།།
ཚ་གྲང་ཁྱད་གསོད་བྱེད་དགོས་སློབ་གྲོགས་ཚོ།།
ཛ་ལང་སྤྱོད་པ་དོར་ཏེ་ཞི་དུལ་བྱོས།།
ལྦ་སྐྱེས་རྒྱལ་བོ་ལྟ་བུའི་གཤིས་ངན་སྤོངས།།
ཞ་ཞ་ཞུམ་ཞུམ་བྱེད་པ་བློ་རིག་མིན།།
ཟ་འཐུང་ཁོ་ན་མི་བྱེད་སློབ་ལ་བརྩོན།།
འ་ཅག་བདེ་སྡུག་བསམ་པའི་བློ་ལྡན་མཛོད།།
ཡ་རབས་ཚུལ་ལྡན་ལུགས་ལ་བརྩོན་པར་བྱེད།།
རྭ་ཅན་དུད་འགྲོ་རིགས་དང་མི་འདྲ་ཡང་།།
ལ་ལུང་ཀུན་ལ་ལྡོམ་པའི་སྤྲང་འཁྱམ་མིན།།
ཤ་ཚའི་སྙིང་གཏམ་ཕྲེང་མཛེས་རྒྱན་པར་སྤྲོ།།
ས་མཐའ་འདི་ནས་བསྡད་པ་དོན་ཡོད་ཡིན།།
ཧ་ཅང་ཡིན་པའི་ཚུལ་དུ་བྲིས་འདྲ་བ།།
ཨ་མཚར་ཀུ་རེ་ཁོ་ནར་བྲིས་པ་མིན།།
ཧ་ཅང་བརྗོད་རྒྱུ་མང་ན་མི་ལེགས་པས།།
ཨ་རོ་སྙིང་སྡུག་སློབ་བུའི་ཚོགས་ཀྱིས་གསོན།།
- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com





										
										
										
										
                                        
                                        
                                        
                                        
                                        
										
青公网安备63252102000006号