ངོས་དང་པོ > ཆེད་དོན། > མཚོ་སྔོན་པོའི་ཞོགས་ཟེར། > མ་ཡུམ་སློབ་གྲྭ་ལ་ཕུལ་བའི་སྙིང་གཏམ། བསོད་ནམས་འཕེལ་རྒྱས།
མ་ཡུམ་སློབ་གྲྭ་ལ་ཕུལ་བའི་སྙིང་གཏམ། བསོད་ནམས་འཕེལ་རྒྱས།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25 13:15:00
ཀློག་གྲངས།:
རུས་མིང་། བསོད་ནམས་འཕེལ་རྒྱས།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
མ་ཡུམ་ལགས།
བགྲང་བྱ་དུ་མའི་རིང་དུ།
ཁྱེད་ནི་དབྱར་གསུམ་གྱི་ཆར་ཆུ་ཡིས་བསྲུབས་མ་ནུས་ཤིང་།
དགུན་གསུམ་གྱི་ཁ་རྡུལ་གྱིས་ཀྱང་གནན་མ་ཐུབ་ཅིང་།
དུས་རབས་གསར་པའི་མཚོ་ཀློང་ནས།
ཁྱེད་ཀྱི་བཞིན་རས་ལྷག་པར་མཛེས་ལ་གཟི་བརྗིད་ལྡན།
མ་ཡུམ་ལགས།
གསོམ་སྡོང་གི་རང་གཤིས་དང་གངས་ལྷ་མེ་ཏོག་གི་ངང་ཚུལ།
མི་འཇིགས་པའི་དཔའ་དང་མི་ཞུམ་པའི་སྤོབས་པ།
མཛེས་སྡུག་གི་ལུས།
རྔམ་བརྗིད་ཀྱི་ཉམས་སོགས་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ལ་ལྡན།
བགྲང་བྱ་དུ་མའི་རིང་དུ།
མཚན་ལྡན་གྱི་དགེ་བཤེས་བགྲང་ལས་འདས་པ་ཞིག་གི་སྙིང་ཁྲག་དྲོན་མོ་གནས་འདིར་ཕོས་ཤིང་།
བརྩོན་ལྡན་གྱི་བསྐལ་བཟང་ཚོགས་ཀྱི་དཔྱོད་ཤེས་ཀྱི་གཤོག་ཟུང་ཡང་གནས་འདི་ནས་རྒྱས།
མ་ཡུམ་ལགས།
ཁྱེད་ནི་གཞན་ཕན་གྱི་ལྷག་བསམ་འབྱུང་བའི་ལྟེ་གནས་ཡིན།
ཚུལ་མིན་གྱི་གྲོགས་ངན་སྤོང་སའི་གནས་མཆོག་ཡིན།
ཁྱེད་ནི་བཅུ་ཕྲག་འོ་ཞོ་བསྙལ་བའི་རྫ་བུམ་དང་།
རིག་ལྡན་གྱི་རྐང་དྲུག་འཁོར་སའི་སྐྱེད་ཚལ་ཡིན།
བགྲང་བྱ་དུ་མའི་རིང་དུ།
ཁྱེད་ཀྱི་པང་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་མཆོག་ཁྲི་འབུམ་འཚར་ལོངས་བྱུང་མྱོང་ལ།
ཐོབ་དང་གོ་ས་ལྡན་པའི་མི་ཆེན་བགྲང་ལས་འདས་པ་འཁྲུངས་མྱོང་།
མ་ཡུམ་ལགས།
ཁྱེད་ནི་བརྩོན་པའི་ས་བོན་འདེབས་སའི་དྲོད་གཤེར་ལྡན་པའི་ཞིང་ས་དང་།
ནུས་མཐུ་དང་འཇོན་ཐང་སྐྲུན་པའི་བཟོ་གྲྭ་ཆེན་པོ་ཞིག་ཀྱང་ཡིན།
མ་ཡུམ་ལགས།
ཁྱེད་མེད་ན།
ལྔ་རིག་གི་སྐྱེད་ཚལ་ཇི་ལྟར་རྒྱས།
མི་རིགས་ཀྱི་ལ་རྒྱ་ཇི་ལྟར་འཛིན།
ཁྱེད་མེད་ན།
རྣམ་དཔྱོད་ཀྱི་རྩལ་དྲུག་ཇི་ལྟར་རྒྱས།
ཕུགས་བསམ་གྱི་མདུན་ལམ་ཇི་ལྟར་འཚོལ།
ཁྱེད་མེད་ན།
དུས་རབས་ཀྱི་རླབས་ཕྲེང་ཇི་ལྟར་སྐྱོད།
ཞི་དྲག་གི་ལས་ལ་ཇི་ལྟར་དགྱེས།
མ་ཡུམ་ལགས།
བདག་གི་ལྷག་བསམ་དཀར་བའི་དུང་སེམས་ཁྱེད་ལ་བརྩེ།
ལུས་ཀྱི་འདུས་བྱས་ཕུང་བོས་ཁྱེད་ལ་བརྩོན།
ངག་གི་ཚངས་སྲས་བུ་མོས་ཁྱེད་ལ་བསྟོད་ཅིང་ཁྱེད་ལ་བསྔགས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།