བརྗེད་དཀའ་བའི་གཟུགས་རིས་དེ། བསོད་ནམས་རིན་ཆེན།
རྩོམ་པ་པོ།:བསོད་ནམས་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-09-20 11:24:00
ཀློག་གྲངས།:
རུས་མིང་། བསོད་ནམས་རིན་ཆེན།
འཛིན་གྲྭ། བརྒྱད་བཞི་འཛིན་གྲྭ།
བདག་གི་སེམས་ཀྱི་མེ་ལོང་ངོས་སུ་ད་དུང་ཡང་རྡོ་ལ་བརྐོས་པའི་རི་མོ་བཞིན་དུ་གནས་པའི་གཟུགས་རིས་ཤིག་ཡོད། གཟུགས་རིས་དེ་ལོ་ཟླའི་རླུང་འཚུབ་དང་བསྟུན་ནས་ཉམས་པར་མི་འགྱུར་བར་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད།
གཟུགས་རིས་དེ་ནི་གཞན་གང་ཡང་མ་ཡིན་པར་བདག་གི་སློབ་ཆུང་གི་དགེ་རྒན་ཞིག་ཡིན། བདག་ལ་བཀའ་དྲིན་མཚོ་ལྟར་ཟབ་པའི་དགེ་རྒན་ཞིག་སྟེ། ངའི་སེམས་ཀྱི་སྐར་མ་འོད་ཆེན་དེ་ཡིན།
ཁོང་ནི་དགེ་རྒན་གཞན་པ་དང་མི་འདྲ་བར་སློབ་མ་རྣམས་ལ་སྣང་བ་ཡ་མཚན་ཞིག་སྟེར། སྣང་བ་དེ་ཇི་འདྲ་ཡིན་པར་ཞིབ་མོ་དང་གསལ་བོ་ཞིག་བརྗོད་པར་དཀའ་མོད། འོན་ཀྱང་རྒྱུན་དུ་ཁོང་གི་བྱམས་བརྩེ་ལྡན་པའི་གདོང་དེ་དང་འཛུམ་མདངས་དེ་མཐོང་ཚེ། ཁྱོད་ཀྱི་སེམས་ནང་དུ་རང་དབང་མེད་པར་དྲོད་ཀྱི་ཚོར་བ་ཞིག་སྐྱེས་སྲིད། ཚོར་བ་དེས་སེམས་ནང་གི་མི་སྐྱིད་པ་དང་མི་དགའ་བའི་བྱ་བ་ཡོད་ཚད་གློ་རྡེག་ཏུ་མེད་པར་འགྱུར་བར་མ་ཟད། ད་དུང་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་སྲིད།
ཁོང་ནི་ང་རང་ལ་འོད་སྣང་གི་ལམ་བུ་སྟོན་མཁན་དང་། རིག་གནས་ཀྱི་ལམ་དུ་གོམ་པ་སྤོ་རུ་འཇུག་པའི་རླབས་ཆེན་གྱི་མི་སྣ་དེ་ཡིན། ཁོང་གིས་ང་རང་བསྐྱངས་པའི་དྲིན་ནི་རྒྱ་མཚོ་ལས་ཀྱང་ཟབ་པ་ཞིག་ཡིན། གལ་ཏེ་ཁོོ་མེད་ན་ང་སྦྱོང་སློབ་ལ་མི་དགའ་ཞིང་སྦྱང་འབྲས་ལ་ཡར་ཐོན་ཡོང་མི་སྲིད། རྒྱུན་མཚན་ནི་ང་སློབ་ཆུང་ལོ་རིམ་དང་པོའི་སྐབས་སུ་ངའི་སྦྱང་འབྲས་ཧ་ཅང་ཞན་ལ། དགེ་རྒན་ལ་ལས་ཚེ་ཐར་དུ་བཏང་ནས་འཇོག་པ་ཡིན། འོན་ཀྱང་ཁོང་གིས་དཀའ་ཁག་ལ་མི་འཛེམ་པར། བྱིས་པ་ཆུང་ཆུང་ལ་གོམ་སྟབས་འཁྲིད་པ་བཞིན་ང་ལ་སློབ་ཁྲིད་བྱས་ཏེ། གནང་ཐེངས་འགའ་ཞིག་འགོར་ཚེ། ངའི་རྒྱུགས་འབྲས་ནི་ཉིན་རེ་ནས་ཉིན་རེ་བཞིན་ཇེ་བཟང་དང་སྐར་གྲངས་ཇེ་མཐོར་སོང་བ་ཡིན། དེའི་རྐྱེན་གྱིས་ང་རང་སློབ་སྦྱོང་ལ་སྤྲོ་བ་སྐྱེས་པ་རེད།
ད་ལྟ་ང་དང་དྲིན་ཆེན་དགེ་རྒན་ཁ་གྱེས་ནས་ལོ་བདུན་ལྷག་འགོར་ནའང་། ངས་ད་དུང་ཁོང་གིས་ང་ལ་བཤད་པའི་སྐད་ཆ་རེ་རེ་དང་ཐ་ན་སློབ་ཁྲིད་སྐབས་ཀྱི་རྣམ་འགྱུར་རེ་རེ་རྡོ་ལ་རི་མོ་བརྐོས་པ་བཞིན་བརྗེད་ཐབས་མེད་ཅིང་། ད་དུང་ཁོང་གིསསྒོ་སམ་ངོས་ལ་ཡི་གེ་འབྲི་བའི་སྐབས་ཀྱི་རྒྱབ་གཟུགས་དང་། ང་ཚོར་སློབ་གསོ་གཏོང་སྐབས་ཀྱི་རྣམ་འགྱུར་དང་ཞལ་རས། ང་ཚོ་དང་མཉམ་གཅིག་ཏུ་རོལ་རྩེད་གཡེང་སྐབས་ཀྱི་འཛུམ་མདངས་དང་དགོད་སྒྲ་སོགས་ཁ་སང་བྱུང་བ་ནང་བཞིན་གསལ་ལར་འཆར།
དོན་དག་ལ་ལ་ཞིག་ལོ་ཟླ་འགྱུར་བ་དང་བསྟུན་ནས་བརྗེད་ནས་མེད་པར་འགྱུར་སྲིད་མོད། ཁོང་གི་སྣང་བརྙན་དང་གཟུགས་རིས་ནི་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བ་ལས་ནམ་ཡང་ཡལ་མི་སྲིད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།