དཔེ་རྒྱན་གསུམ་གྱི་དཔེར་བརྗོད། དངོས་གྲུབ་ཀུན་ལྡན།
							རྩོམ་པ་པོ།:དངོས་གྲུབ་ཀུན་ལྡན།
							ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
							དུས་ཚོད།:2018-09-20 11:27:00
							ཀློག་གྲངས།:
							
							
						
						
							རུས་མིང་། དངོས་གྲུབ་ཀུན་ལྡན།
འཛིན་གྲྭ། བརྒྱད་དྲུག་འཛིན་གྲྭ།
དིར་དིར་བུང་བའི་མགྲིན་སྒྲར་རྣམ་བརྟགས་ནས །།
སྙན་འཇེབས་དབྱངས་ཀྱིས་དར་ཅིག་མྱོས་པའི་ཚེ།།
མགྲིན་གླུའི་ནང་གི་ཚིག་དོན་གཞིག་ཀྱང་འཚོལ།།
གསོན་ཉམས་ལྡན་པའི་ལྡེབས་རིས་མིག་གི་བདུད་རྩི་སྟེ།།
རྐང་འཐུང་ལྗོན་པའི་ཕྱུག་པའི་དགའ་བསྐྱེད་སྐྱེད་མོས་ཚལ།།
སྤྲོ་གསེང་གཏོང་སའི་དགའ་ཚལ་གསར་བར་རབ་བརྟགས་ནས།།
རྩེད་འཇོར་གཡེང་བའི་དགོད་སྒྲ་ཡོད་མེད་ཞིབ་ཏུ་གསན།།
ལྗོན་པ་ཁྲི་ཚོགས་དྲང་བོར་བཙུགས་སམ་ཅི།།
ཡང་ན་མཐའ་ཡས་མེས་རྒྱལ་ས་མཐའ་རུ།།
རྒྱལ་མཚམས་སྲུང་བའི་དམག་གམ་འཕྱང་མོ་ཉུག།
སྐྱེ་དགུར་དྲོད་སྐྱིད་གསོན་ཤུགས་ཅི་དགར་དུ།།
འབྱིན་པའི་མུན་སེལ་རྟ་བདུན་དབང་བོའམ།།
ཡང་ན་མུན་འཇོམས་ཤེས་བྱ་སྣ་ཚོགས་པ།།
སྩོལ་བའི་སློབ་དཔོན་དམ་ཡིན་ནམ་ཅི།།
དབང་ཐང་གོ་ས་ཆེ་ཡང་མི་རྟག་པ།།
དེ་དག་ལས་ཀྱང་ཤེས་བྱ་ཡོན་ཏན་ནི།།
མཚུངས་ཟླར་མི་སེམས་དེ་ལས་ཁྱད་པར་འཕགས།།
སྒྱུ་འཕྲུལ་མེ་ལོང་གསལ་ཡང་སྒྱུ་མའི་གར།།
མཚན་མོར་སྐར་ཚོགས་བཀྲ་ཡང་འཆར་ནུབ་ཅན།།
དེ་ཕྱིར་བསམ་བློའི་འཆར་སྒོའི་དཔེ་རིས་འདི།།
དཔེ་འདིའི་ཇི་བཞིན་གཞལ་བར་ག་ལ་སྤོབས།།
 
 						
					འཛིན་གྲྭ། བརྒྱད་དྲུག་འཛིན་གྲྭ།
རྨོངས་པའི་དཔེ།
                དག་གསལ་སྙན་པའི་དཔེ་ཀློག་རྣ་བའི་དཔྱིད།།དིར་དིར་བུང་བའི་མགྲིན་སྒྲར་རྣམ་བརྟགས་ནས །།
སྙན་འཇེབས་དབྱངས་ཀྱིས་དར་ཅིག་མྱོས་པའི་ཚེ།།
མགྲིན་གླུའི་ནང་གི་ཚིག་དོན་གཞིག་ཀྱང་འཚོལ།།
གསོན་ཉམས་ལྡན་པའི་ལྡེབས་རིས་མིག་གི་བདུད་རྩི་སྟེ།།
རྐང་འཐུང་ལྗོན་པའི་ཕྱུག་པའི་དགའ་བསྐྱེད་སྐྱེད་མོས་ཚལ།།
སྤྲོ་གསེང་གཏོང་སའི་དགའ་ཚལ་གསར་བར་རབ་བརྟགས་ནས།།
རྩེད་འཇོར་གཡེང་བའི་དགོད་སྒྲ་ཡོད་མེད་ཞིབ་ཏུ་གསན།།
ཐེ་ཚོམ་གྱི་དཔེ།
                ལེ་བར་འགོངས་པའི་བྱེ་མའི་ཕུང་གསོག་མཐར།།ལྗོན་པ་ཁྲི་ཚོགས་དྲང་བོར་བཙུགས་སམ་ཅི།།
ཡང་ན་མཐའ་ཡས་མེས་རྒྱལ་ས་མཐའ་རུ།།
རྒྱལ་མཚམས་སྲུང་བའི་དམག་གམ་འཕྱང་མོ་ཉུག།
སྐྱེ་དགུར་དྲོད་སྐྱིད་གསོན་ཤུགས་ཅི་དགར་དུ།།
འབྱིན་པའི་མུན་སེལ་རྟ་བདུན་དབང་བོའམ།།
ཡང་ན་མུན་འཇོམས་ཤེས་བྱ་སྣ་ཚོགས་པ།།
སྩོལ་བའི་སློབ་དཔོན་དམ་ཡིན་ནམ་ཅི།།
སྨད་པའི་དཔེ།
                གསེར་དངུལ་གཡུ་བྱུར་ཡིན་ཡང་འཕྲོག་འབོར་ཅན།།དབང་ཐང་གོ་ས་ཆེ་ཡང་མི་རྟག་པ།།
དེ་དག་ལས་ཀྱང་ཤེས་བྱ་ཡོན་ཏན་ནི།།
མཚུངས་ཟླར་མི་སེམས་དེ་ལས་ཁྱད་པར་འཕགས།།
སྒྱུ་འཕྲུལ་མེ་ལོང་གསལ་ཡང་སྒྱུ་མའི་གར།།
མཚན་མོར་སྐར་ཚོགས་བཀྲ་ཡང་འཆར་ནུབ་ཅན།།
དེ་ཕྱིར་བསམ་བློའི་འཆར་སྒོའི་དཔེ་རིས་འདི།།
དཔེ་འདིའི་ཇི་བཞིན་གཞལ་བར་ག་ལ་སྤོབས།།
						འབྲེལ་ཡོད་འོས་སྦྱོར།
						
				
				- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
						
					
							བརྙན་རིས།
						
						
					
							འོས་སྦྱོར།
							བརྗེ་སྒྱུར།
						
						
					
							པར་རིས་ལོངས་སྤྱོད།
						
						
					




										
										
										
										
                                        
                                        
                                        
                                        
                                        
										
青公网安备63252102000006号