སེམས་ཀྱི་ཕ་ལོ་མ་ལོ། ཀླུ་འབྲུག་མཚོ་མོ།
རྩོམ་པ་པོ།:ཀླུ་འབྲུག་མཚོ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-11-01 07:04:00
ཀློག་གྲངས།:
རུས་མིང་། ཀླུ་འབྲུག་མཚོ་མོ།
འཛིན་གྲྭ། བརྒྱད་གཉིས་འཛིན་གྲྭ།
དེ་རིང་བུ་མོ་ངས་ཁྱེད་གཉིས་ལྷག་ཏུ་དྲན་བྱུང་། ངའི་སེམས་ཀྱི་མཁའ་དབྱིངས་ཀྱི་ཉི་ཟླ་ལྟ་བུའི་ཕ་ལོ་མ་ལོ། ཁྱེད་གཉིས་ཡོད་པས་བུ་མོ་ང་ལ་བདེ་སྐྱིད་དང་རེ་བ་ཡོད་ལ་ཁྱོད་གཉིས་ཐོབ་པས་བུ་མོ་ང་ལ་སྤོབས་སེམས་དང་སྤྲོ་སྣང་རྒྱས་བྱུང་། ཕ་ལོ་ལགས། ཁྱེད་ཀྱི་གདམས་ངག་ཡིད་ལ་བཅངས་ཏེ་ཕུགས་འདུན་གྱི་རྒྱལ་ཁ་ལ་རེ་སྒུག་གྲངས་མེད་བྱས་ཤིང་སྐྱིད་སྡུག་གི་འཚོ་བ་ལ་སྤྱི་སྡོམ་ཞིབ་མོ་བྱེད་དགོས་བྱུང་། ལྷིང་འཇགས་ཀྱི་མཚན་ལྗོངས་སུ་འཐིམས་པའི་རྨི་ལམ་གྱི་ཞིང་ཁམས་སུ་ཁྱེད་ཀྱི་མཛད་མཐའ་མེད་པའི་བཀའ་དྲིན་དང་བྱམས་ཤིང་བརྩེ་བའི་གཏམ་རྒྱུད་ལ་བསྐྱར་བཟློས་བྱེད་དགོས་སོང་། ཕ་ལོ་ལགས།ཁྱིམ་ཚང་འདིའི་བདེ་སྡུག་བསམ་ནས་ཁྱོད་རང་རྒས་སོང་། བུ་མོ་ངའི་མདུན་ལམ་དོན་དུ་ཁྱོད་སྨྲེང་བྱུང་། ཡིན་ན་ཡང་། ཁྱོད་ཀྱི་གདོང་དུ་མངོན་པ་རྒྱལ་ཁ་དང་ཁྱོད་ཀྱི་ངག་ལས་བརྡོལ་བ་བསླབ་བྱ་ཡིན། ཁྱེད་ཀྱིས་མི་ཡུལ་ནས་ཆེས་དཀའ་སྡུག་ཆེ་བའི་ལོ་ཟླ་ཞིག་གི་མནར་གཅོད་མྱངས། ཁྱེད་ཀྱིས་རྩྭ་ཐང་ནས་ཆེས་རྒྱང་ཐག་རིང་བའི་རེ་བ་ཞིག་གི་དྲོད་ཁོལ་བཙལ། ཁྱིམ་ཚང་འདིའི་ཆེད་དུ། བུ་མོ་ངའི་དོན་དུ། ཁྱོད་ཀྱིས་སུས་ཀྱང་རྟོགས་མི་སྲིད་པའི་ན་ཟུག་གི་ཚོར་བ་ཞིག་སེམས་ཀྱིས་མྱངས་ཀྱིན་ཡོད་ལ་ཡིད་ཀྱིས་སྒོམ་བཞིན་ཡོད་པས་ཕ་ལོ་ལགས་ཁྱོད་ནི་བུ་མོ་ངའི་རྟག་བརྟན་གྱི་རྒྱབ་རི་སྨུག་པོ་ཡིན།
མ་ལོ་ལགས། ཁྱེད་ཀྱི་བརྩེ་བ་རུམ་ནས་ཕ་ཡུལ་དང་གྱེས་ཐེངས་རེར་ངའི་ཡ་ཆུང་ཁོག་ཏུ་བློས་མི་ཆོད་པ་ཞིག་ཡོད་པ་ཁྱོད་ཡིན་ལ་ངའི་ཁྲ་ཆུང་མིག་ནས་བོར་མི་རུང་བ་ཞིག་ཡོད་པ་ཡང་ཁྱོད་རང་ཡིན། ང་སོང་བའི་ནངས་མོ་ཁྱོད་ཁེར་མོ་ཡིན། ཁྱོད་ཁེར་མོས་ནོར་ལུག་གི་འཕེལ་ཁ་འཚོ་དགོས་ལ་རང་ཁྱིམ་གྱི་འོས་འགན་འགྲུབ་དགོས་པས་ངས་ནམ་ཡང་ཁྱོད་ཀྱི་གཡོ་སྒྱུ་མེད་པའི་རང་གཤིས་དང་བླ་ན་འཕགས་པའི་གཞན་ཕན་གྱི་ཀུན་སྤྱོད་དག་དྲན་བྱུང་། དྲན་ཐེངས་རེ་ལ་ང་སྨྲེང་ཐེངས་རེ་ཡིན་ལ། སྨྲེང་ཐེངས་རེ་ལ་ང་ངུ་ཐེངས་རེ་ཡང་ཡིན་རུང་། ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཁྱེད་ཀྱི་ཟད་མཐའ་མེད་པའི་བཀའ་དྲིན་དེ་འཇལ་དགོས་བྱུང་། མ་ལོ་ལགས། དབྱར་ཚ་བའི་ཁྲོད་ནས་ཁྱོད་ཕམ་མ་མྱོང་། དགུན་ལྷགས་པའི་ཀློང་ནས་ཁྱོད་ཞུམ་མ་མྱོང་། སྟོན་བསེར་བུའི་ནང་ནས་ཁྱོད་ངུས་མ་མྱོང་ལ་དཔྱིད་ངལ་དུབ་བར་ནས་ཁྱོད་སྐྱོ་མ་མྱོང་། མ་ལོ་ལགས།ཨ་མའི་མིང་དེ་ཐོགས་ཉིན་ནས་ཁྱོད་ཀྱིས་ནམ་ཡང་བསམ་གྱིན་པ་རང་གི་བུ་ཕྲུག་དག་ཡིན་ལ་ཁྱོད་ཀྱིས་ནམ་ཡང་སྨོན་བཞིན་པ་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཡིན་པས་ཁྱོད་ནི་ངའི་སེམས་ཁོང་གི་སྒྲོལ་མ་དཀར་མོ་ཡིན།
ཕ་མ་ལགས། སྒྲུབ་མི་ཚར་བའི་ལས་ཀས་ཁྱེད་ཀྱི་ཕྱག་ལ་སེར་ག་བཏོད། བསམ་མི་ཚར་བའི་འདུན་པས་ཁྱོད་ཀྱི་གདོང་ལ་རྒས་གཉེར་བཞག།བློས་མི་ཆོད་པའི་བྱམས་པས་ཁྱོད་ཀྱི་མགོ་ལ་སེ་བརྡ་ལྷུང་། ཁྱོད་གཉིས་ལ་ཐོབ་པ་ཉུང་དྲགས་ཤིང་ང་ལ་གནང་རྒྱུ་མང་དྲགས་ན་ཡང་སྔར་བཞིན་ལེ་བདའ་དང་ནོངས་འགྱོད་མེད་པར་བུ་མོ་ངའི་ཆེད་དུ་ལམ་དུ་ཆས་བཞིན་ཡོད། ཁྱོད་གཉིས་ནི་མི་ཡུལ་གྱི་ལྷ་ཡིན། ཁྱོད་གཉིས་ནི་མིའི་རིགས་ཀྱི་མགོན་ཡིན། ཁྱོད་གཉིས་ནི་དུས་རབས་ཀྱི་སྣེ་ཁྲིད་པ་ཡིན། རང་གི་དཀའ་སྡུག་ཇི་འདྲའི་ཆེ་ན་ཡང་བུ་ཕྲུག་གི་དོན་དུ་འདུར་གྱིན་ཡོད་ལ་རང་གི་སྡུག་བསྔལ་ཇི་འདྲའི་ལྕི་ན་ཡང་ཁྱིམ་ཚང་འདིའི་འོས་འགན་ཁུར་དགོས་བྱུང་། ཁྱོད་གཉིས་ཡོད་པས་འཇིག་རྟེན་འདི་མཛེས་ཤིང་སྡུག་རང་ཁྱིམ་དེ་དྲོ་ཞིང་སྐྱིད། སེམས་པ་འདི་དཔའ་ཞིང་རྟུལ། འདི་དག་ནི་ཕ་མ་སྟེ་ཁྱོད་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ལ་ཁྱོད་གཉིས་ཀྱི་ཕྱོགས་རིས་མེད་པའི་བྱམས་སེམས་ལས་འཕོས་པ་ཡིན།ངའི་སེམས་ཀྱི་ཕ་ལོ་མ་ལོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།