ང་ཡི་ཨ་མ། ལྷ་མོ་འཚོ།
སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་ལྔ་བ།
རུས་མིང་། ལྷ་མོ་འཚོ།
ང་ཡི་ཨ་མ་ནི་ད་ལོ་ལོ་སུམ་ཅུ་ལ་སོན་འདུག ཨ་མས་ང་ཚོའི་དོན་དུ་དཀའ་ཚེགས་གང་མང་མྱངས་པས་ད་ལྟའི་རྣམ་པ་འདི་ལྟ་བུ་ཞིག་ཏུ་གྱུར་ཡོད། འཇིག་རྟེན་འདི་རུ་ཨ་མ་འདི་ལྟ་བུ་ཞིག་གང་ལ་འཚོལ་དུ་འགྲོ
ངས་རྒྱུགས་འབྲས་བཟང་རྒྱུ་མེད་པའི་སྐབས་སུ། ཨ་མས་ང་ལ་གཅར་རྡུང་དང་སྡིག་མོ་མི་བྱེད་ལ། སློབ་གསོ་ཡང་ཡང་དུ་བཏངས། ཡིན་ན་ཡང་། ང་ཡི་སེམས་ལ་ངོ་གནོང་ཞིང་བློ་མི་བདེ་བའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་བྱུང་། ང་ཡིས་ཅིའི་ཕྱིར་སློབ་སྦྱོང་ཧུར་བརྩོན་བྱེད་མི་ཤེས་པ་ཡིན་ནམ་སྙམ། ཨ་མ་དགའ་རུ་བཅུག་ན་ཅི་ལ་མི་ཆོག་ཅེས་རང་གིས་རང་ལ་འདྲི་ཚིག་མང་བོ་དྲིས་མྱོང་། སྐབས་དེར་ཨ་མས་ང་ལ་ཁྱོད་ལ་གཅར་རྡུང་དང་སྡིག་མོ་མི་བྱེད། ངས་ཁྱོད་ལ་སློབ་གསོ་དང་སེམས་གསོ་ཡང་བྱེད་མི་འདོད། དེ་རིང་ཁྱོད་ཀྱི་རྒྱུགས་འབྲས་བཟང་བ་ལ་བལྟས་ན་ཁྱོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་ངས་ཤེས་ཡོད་ཅེས་བཤད། དེ་བས་ཨ་མས་ང་རང་ལ་ཧ་ཅང་ཤ་ཚ་བ་རེད།
སྐབས་དེར། ཨ་མའི་གདོང་ལའང་སྔོན་མེད་ཀྱི་འཛུམ་མདངས་ཤིག་ཤར་བྱུང་། ང་རང་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས།
ཨེ་མ། ང་ཡི་ཨ་མ་ནི་ང་ལ་ཅི་འདྲའི་ཤ་ཚ་བ་ཞིག་རེད་ཨང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com