བདག་གི་དྲིན་ཆེན་ཨ་མ། གདུགས་དཀར་སྐྱིད།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-11-01 09:33:00 ཀློག་གྲངས།:

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་བཞི་བ།
རུས་མིང་། གདུགས་དཀར་སྐྱིད།
     བདག་འཇིག་རྟེན་འདིར་ཡོང་ནས་ཆེས་ཐོག་མར་མཐོང་བ་ནི་ཨ་མ་དང་ཨ་མའི་བྱམས་བརྩེ་ཡིན་ལ། ང་ལ་ཆེས་ཤ་ཚ་བའི་མི་ནི་བདག་རང་ཉིད་ཀྱི་ཨ་མ་དེ་ཡིན། ངའི་ཨ་མ་ནི་གཞུང་དྲང་ཞིང་བབ་ཆགས་པའི་བུད་མེད་དཀྱུས་མ་ཞིག་ཡིན། མོ་ནི་ཆེ་ལ་བཀུར་ཞིང་ཆུང་ལ་བྱམས་པའི་བུད་མེད་ཅིག་ཡིན་པས། མོའི་སེམས་ནི་བྱང་ཆུབ་སེམས་དཔའི་ཐུགས་དང་གཉིས་སུ་མེད་པ་ཞིག་ཡིན་ལ། མི་འགྱུར་རྡོ་བཞིན་བརྟན་པོ་ཡིན་པས་མོས་བཤད་པའི་ཚིག་རྐང་རེ་རེ་ངས་ཡིད་ལ་དམ་པོར་བཟུང་ཡོད། ཁོ་མོའི་གཟུགས་པོ་མི་ཆེ་ནའང་སྨྱུག་མ་བཞིན་དུ་ཕྲ་ཞིང་དྲང་བས་གཟུགས་རིང་བའི་སྣང་བ་ཞིག་སྟེར། ངའི་མིག་ལམ་དུ་ཨ་མའི་བཞིན་རས་བཅོ་ལྔའི་དུང་ཟླ་ལྟར་མཛེས་ཤིང་གོར། ཁོ་མོའི་བྱ་རྒོད་ཀྱི་གཤོག་པ་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་གི་ཁྲ་ཆུང་མིག་གཉིས་ལ་ནམ་ཡང་བརྩེ་མདངས་ཀྱིས་ཁེངས་ཡོད། མོའི་སྐྲ་རིང་ཞིང་ནག་ལ། མོ་ནི་ཁ་སྒོ་སྐྱེས་འབྲས་ལེགས་པའི་བུད་མེད་བཟང་མ་ཞིག་ཡིན། ང་རང་དགའ་བའི་དུས་སུ་ཁོ་མོ་ཡང་རྨ་བྱས་འབྲུག་སྒྲ་ཐོས་པ་ཇི་བཞིན་གདོང་ལ་སྔར་མཐོང་མ་མྱོང་བའི་འཛུམ་དེ་མེ་ཏོག་ཁྲ་ལམ་མེར་བཞད་པ་དང་ཀུན་ནས་མཚུངས་སོ། །
     ཁོ་མོ་ནི་འབའ་འབའ་ལུ་གུ་དང་དགོ་དགོ་བེའུ་སོགས་དང་ཆབས་ཅིག་ཏུ་ནར་སོན་པའི་འབྲོག་པ་རྐྱང་རྐྱང་ཡིན། ཨ་མས་ངའི་ཆེད་དུ་ཁྱིམ་ལས་ལས་པ་དང་ཕྱུགས་རྫིར་སོང་སྟེ་ཙག་བསེར་བུ་འཐུང་འདེད་དང་ཆུ་ཆར་བ་རྐང་འདེད་བྱས། ཁྱིམ་ལས་ལས་དུས་ཧ་ཅང་ཞིབ་ཚགས་ཡིན་པར་མ་ཟད་ད་དུང་མོས་བཀྲུས་པའི་ལྭ་བ་ཧ་ཅང་གཙང་མ་ཡིན་ཞིང་མོས་ལས་པའི་ཟ་མ་ལ་བྲོ་བ་ལྡན་ཞིང་ཞིམ་མངར་ཆེ། དེ་དག་ཚང་མ་ངའི་ཆེད་དུ་ཡིན། ངོ་མ། ཨ་མའི་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་པ་ཡོད་ཚད་ངའི་དོན་དུ་ཡིན་པ་སེམས་སུ་བཟུང་ནས་སྟོབས་ཤུགས་ཡོད་དགུ་རྩལ་གྱིས་སྤྲུགས་ཏེ་སློབ་སྦྱོང་བྱས་ནས་སློབ་སྦྱོང་ལ་གྲུབ་འབྲས་བཟང་བོ་ཞིག་ལེན་རྒྱུ་ཁོ་ཐག་ཡིན། 
མི་ཚང་མས་“ཨ་མའི་བྱམས་བརྩེ་ནི་ཉི་མའི་དྲོད་ཁོལ་འདྲ་”ཞེས་བཤད་པ་དེ་ནི་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་ཞིག་ཡིན་པ་ད་ལྟ་ངས་དངོས་སུ་ཤེས་སོང་།
     ཨ་མ་ལགས། ཨ་མ། ང་ལ་མི་ལུས་རིན་ཆེན་སྦྱིན་པའི་ཨ་མ། ཁྱེད་ཀྱི་བཀའ་དྲིན་ནི་ཉི་མ་དང་ཟླ་བ་སོགས་གང་གིས་ཀྱང་མཚོན་མི་ནུས་ལ། ཁྱེད་ནམ་ཡང་དེ་འདྲའི་བྱམས་བརྩེ་ཆེ་ཞིང་དེ་འདྲའི་བློ་སྟོབས་ཆེ། ཨ་མ་ནི་ངའི་གྲང་ལྷགས་འགོག་པའི་ཁང་ཆུང་ཡིན།
     ཨ་མ་ལགས། ཁྱེད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།

མཛུབ་སྟོན་དགེ་རྒན་བཀྲ་ཤིས་འཚོ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།