ད་ལོའི་ཁ་བ་འབབ་ཐེངས་དང་བོ། སྐལ་བཟང་སྐྱིད།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-11-01 09:38:00 ཀློག་གྲངས།:

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་བཞི་བ།
རུས་མིང་། སྐལ་བཟང་སྐྱིད།
     སྟོན་མགོ་མཇུག་རྫོགས་ནས་སྟོན་མཇུག་ཏུ་སླེབས་བྱུང་། ད་ལོའི་སྟོན་མཇུག་འདི་ནི་ནམ་རྒྱུན་གྱི་སྟོན་མཇུག་དང་མི་འདྲ། རྒྱུ་མཚན་ཅི་ཡིན་ཞེ་ན། ལོ་རེའི་དགུན་ཁའི་ཟླ་མགོ་མ་ལ་མ་གཏོགས་ཁ་བ་མི་འབབ་པ་དང་། གྲང་རླུང་འུར་འུར་དུ་མི་ལྡིང་བ། ཁ་བ་བུ་ཡུག་ཀྱང་མི་འཚུབ་ལ། ཆུ་ལ་ཆབ་རོམ་སྲབ་མོ་ཞིག་ཀྱང་མི་ཆགས་པ་ཡིན། འོན་ཀྱང་ད་ལོ། དགུན་མ་ཐོན་གོང་ལ་གྲང་རླུང་ཆེ་ཞིང་ཁ་བ་ཐེངས་དང་བོ་དེ་སྟོན་དུས་སུ་བབས་བྱུང་ངོ་། ད་ལོའི་ཁ་བ་འབབ་ཐེངས་དང་བོ་ནི་ཙག་ཙག་ངར་ངར་གྱི་དགུན་ཟླ་བཅུ་བ་མ་ཡིན་པར། འཁྱག་སིབ་སིབ་ཀྱི་སྟོན་མཇུག་ཡིན། ད་ལོའི་ཁ་བ་འབབ་ཐེངས་དང་བོ་དེ་དགུང་མོར་བབས་པ་ཡིན་པས། ངས་དངོས་སུ་མིག་གིས་མཐོང་མ་ཐུབ་ཀྱང་སྐྱ་རེངས་ཐ་མ་ཤར་བ་ན་ང་མལ་ལས་ལངས་ནས་སྒོ་ཁར་བུད་དུས། ངའི་མིག་ལམ་དུ་དར་དཀར་གྱིས་གཡོགས་ཡོད་པ་དང་ཀུན་ནས་མཚུངས་པའི་སློབ་གྲྭ་དང་སློབ་གྲྭའི་ཁོར་ཡུག་དང་། རྩྭ་ཐང་དང་མཐོ་དམའ་མི་སྙོམས་པའི་རི་བོ་སོགས་བརྙན་འཕྲིན་བཞིན་གསལ་བོར་མངོན་བྱུང་། དེ་ལས་ཀྱང་གྲང་ངར་དང་བུ་ཡུག་གི་ཁྲོད་ནས་མེ་ཏོག་ལྟ་བུའི་ཁ་བ་དེ་མི་ཡུལ་ལ་སླེབས་པ་རྟོགས་ཐུབ།
     དེ་ནས་ཡུད་ཙམ་འགོར་རྗེས་འོད་ལམ་ལམ་གྱི་ཉི་མ་དེ་དལ་བ་དལ་བུར་ཤར་བྱུང་། ཉི་འོད་བཀྲག་མདངས་བཀྲ་བས་མིག་གིས་ཀྱང་ལྟ་མི་བཟོད། ད་དུང་ཁ་བའི་མཐུག་ཚད་ལ་སྨི༢.༣ཙམ་ལས་མེད་པས་ཉི་འོད་ས་གཞིར་འཕྲོས་མ་ཐག་ཏུ་ཁ་བ་ཐམས་ཅད་ཞུ་སྟེ། ན་བུན་དང་མཚུངས་པའི་རླངས་པ་དེ་གར་སོང་ཆ་མེད་དུ་གྱུར།
     རེད་ཡ། ད་ལོའི་ཁ་བ་འབབ་ཐེངས་དང་བོ་འདི་ནི་ཞིང་བ་ཞིག་ལ་མཚོན་ན་སང་ལོ་ཞིང་ལ་ལོ་ལེགས་འབྱུང་བ་དང་། འབྲོག་པ་ཞིག་ལ་མཚོན་ན་རྟ་ནོར་ལུག་གསུམ་ལ་འཕེལ་ཁ་རྒྱས་པའི་སྔ་ལྟས་ཡིན་པས། ངས་ཡང་བསྐྱར་ཁ་བ་འབབ་པའི་སྨོན་འདུན་ཞུའོ།།

མཛུབ་སྟོན་དགེ་རྒན་བཀྲ་ཤིས་འཚོ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།