ངོས་དང་པོ > ཆེད་དོན། > མཚོ་སྔོན་པོའི་ཞོགས་ཟེར། > ༄༅།།གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།
༄༅།།གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-01-07 09:50:37
ཀློག་གྲངས།:

སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ65336ཡོད་ཅིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ32833ཟིན་པ་ལས་སློབ་གསོ་སློབ་ཁྲིད་དང་གཞོགས་འདེགས་ཁང་བས་སྨི་གྲུ་བཞི་མ6722དང་། འཚོ་བའི་བེད་སྤྱོད་ཀྱི་ཁང་བས་སྨི་གྲུ་བཞི་མ21877སྲིད་འཛིན་གཞུང་སྒྲུབ་ཁང་བས་སྨི་གྲུ་བཞི་མ396དང་། གཞན་པའི་ཁང་བས་སྨི་གྲུ་བཞི་མ་3838ཟིན་པ་རེད། སློབ་གྲྭའི་མ་ལག་འཐུས་ཚང་ཡིན་པ་དང་ད་སྔ་སློབ་མས་ཚོད་ལྟ་ཁང10ཡོད་པ་ལས། གློག་ཆས་ཚོད་ལྟ་ཁང2དང་དངོས་ལུགས་ཚོད་ལྟ་ཁང2། སྐྱེ་དངོས་ཚོད་ལྟ་ཁང2། རྫས་འགྱུར་ཚོད་ལྟ་ཁང2། ངལ་རྩོལ་ལག་རྩལ་ཚོད་ལྟ་ཁང1། སྣ་མང་གཟུགས་རིས་ཚོད་ལྟ་ཁང1བཅས་ཡོད། དགེ་རྒན་གྱི་དཔེ་ཀློག་ཁང་3དང་། སློབ་མའི་དཔེ་ཀློག་ཁང་3ཡོད་ཅིང་དཔེ་ཆ་སྤྱིའི་ཁ་གྲངས་ཁྲི11ལྷག་ཡོད་ལ། སྨྱན་བྱད་འདུས་མའི་སློབ་ཁང42དང་། སློབ་མའི་གློག་ཀླད་ཁང5། ཐེམ་སྐས་སློབ་ཁང1། གླུ་དབྱངས་གཞུང་ལས་ཁང1། སྨི་སུམ་བརྒྱ་ཡོད་པའི་རྩལ་སྦྱང་ར་བ་དང་ཆར་རླུང་འགོག་སྲུང་གི་རྩལ་སྦྱང་ཁང་སོགས་ལྡན་པ་ཡིན། སློབ་གྲྭས་སློབ་རའི་དྲྭ་ཚིགས་དངFTPཞབས་ཞུའི་རྒྱུ་ཆ། ཆ་འཕྲིན་ལག་རྩལ་གྱི་སློབ་གསོ་བེད་སྤྱད་བྱས་པ100%ཡིན་པ་མ་ཟད། སློབ་ཁང་རེ་རེར་སྤུས་ཚད་མཐོ་བའི་བརྙན་འཕྲིན་དང་སམ་དཀར་སོགས་ཆ་ཚང་སྒོས་བཀོད་ལེགས་སྒྲིག་བྱས་ཡོད་པ་ཡིན། གློག་ཀླད་ཁྲིད་དཔྱོད་ཁང་དང་མཉམ་འབྲེལ་སྒོས་སློབ་གྲྭའི་དྲྭ་ཚིགས་སོགས་འཐུས་ཚང་སྒོས་སྒྲུབ་སྟེ་སྨྱན་བྱད་འདུས་མའི་སློབ་ཁྲིད་ཀྱི་དམིགས་ཡུལ་གཞིར་བཟུང་ནས་སློབ་མར་ཁ་ཕྱོགས་ཏེ་སྨྱན་བྱད་འདུས་མའི་ལམ་ནས་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ལག་བསྟར་བྱེད་ཀྱིན་ཡོད་ལ་སྒོས་སུ་སློབ་གསོ་ཆ་འཕྲིན་ཅན་གྱི་རྨང་གཞི་བརྟན་པོ་བཙུགས་ཟིན་པ་ཡིན།
གཉིས་པ། ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དང་བདེ་འཇགས་སློབ་ར་འཛུགས་སྐྲུན་བྱེད་པ།
1.ཁྱོན་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སོ་སོ་ལེགས་སྒྲུབ་བྱས་ཏེ་སློབ་རའི་བདེ་འཇགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། རྒྱ་ཆེ་བའི་སྒོ་ནས་བདེ་འཇགས་སློབ་ར་དང་བདེ་འཇགས་འཆམ་མཐུན་འཛུགས་སྐྲུན་བྱེད་དགོས་པ། འཛིན་གྲྭའི་ཚགས་པར་དང་དྲིལ་བསྒྲགས་རེའུ་མིག་སྦྱར་ཡིག སློབ་རའི་རྒྱང་བསྒྲགས་སོགས་ལས་འབོད་སྐུལ་བཏང་སྟེ་དགེ་སློབ་ཡོངས་ཀྱིས་སློབ་གྲྭའི་བདེ་འཇགས་བྱ་བར་མཐོང་ཆེན་དང་སློབ་རའི་བདེ་འཇགས་འོས་འགན་མ་བསྐུལ་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་ནས་བདེ་འཇགས་སློབ་ར་འཛུགས་སྐྲུན་གྱི་འདུ་ཤེས་བསྐྱེད་བསྲིང་བྱེད་དགོས།2.ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བྱེད་ཆེད་སློབ་གྲྭས་ཡང་དང་བསྐྱར་གྱིས་མིང་དུ་གྲགས་པའི་མཁས་པ་དང་ཁྲིམས་ལུགས་སློབ་གཙོ་གཞོན་པ་སོགས་གདན་དྲངས་ཏེ་དགེ་སློབ་ལྷན་རྒྱས་ལ་ཁྲིམས་ལུགས་སྐོར་གྱི་འཆད་ཁྲིད་དང་གཏིང་ཟབ་པའི་སྒོ་ནས་ཁྲིམས་ལུགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་དང་ཁྲིམས་ལུགས་ཀྱི་ལམ་ལུགས་བརྩི་སྲུང་བྱེད་དགོས་པའི་འདུ་ཤེས་མཐོར་འདེགས་བྱས་ཏེ་ཁྲིམས་ལུགས་ཀྱི་ལྟ་བ་དང་བདེ་འཇགས་ཀྱི་འདུ་ཤེས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་རེད།
3.སློབ་གྲྭ་དང་སྤྱི་ཚོགས། ཁྱིམ་ཚང་གསུམ་གཞི་གཅིག་ཏུ་སྦྲེལ་བའི་དྲ་རྒྱའི་སློབ་གསོ་འཛུགས་སྐྲུན་དང་། སློབ་གྲྭས་ནམ་རྒྱུན་རྩ་འཛུགས་ཡོད་པའི་སྒོ་ནས་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྡུས་ཏེ་བསམ་འཆར་དང་རེ་བ་དང་ལེན་བྱས་པའི་རྨང་གཞི་སྟེང་ནས་ལམ་ལུགས་གཏན་འཁེལ་བྱས་པ་ཡིན་ལ། གནད་དོན་ལ་རྒྱུས་ལོན་དང་དུས་ལྟར་ཐག་གཅོད་བྱེད་པའི་ཐབས་ལམ་གཞིར་བཟུང་ནས་དགེ་སློབ་ཡོངས་ཀྱི་བདེ་འཇགས་ལ་ཁག་ཐེག་གིས་བདེ་འཇགས་སློབ་ར་འཛུགས་སྐྲུན་བྱེད་པའི་རྨང་གཞི་བརྟན་པོ་བཏིང་བ་རེད།

2017ལོའི་སློབ་གྲྭའི་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ནི་མི་རིགས་སློབ་གྲྭ་ཡོངས་ལས་ཁུལ་ཡོངས་ཀྱི་ཨང་དང་པོ་དང་། ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ནི329.04དང་སློབ་གྲྭའི་ཆ་སྙོམས་སྐར་གྲངས་ནི366.58ཡིན་པས་ཁུལ་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ལས37.54བརྒལ་བ་རེད། དེ་ལས་ལོ་རྒྱུས་དང་བསམ་བློ་ཀུན་སྤྱོད། དངོས་ལུགས་སོགས་བསླབ་ཚན་དག་གི་སྐར་གྲངས་ཀྱིས་ཁུལ་ཡོངས་ནས་ཨང་དང་པོ་བླངས །
2018ལོའི་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ནི་མི་རིགས་སློབ་གྲྭ་ཡོངས་ལས་ཨང་གཉིས་པ་དང་། ཁུལ་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ནི375.6དང་། སློབ་གྲྭའི་ཆ་སྙོམས་སྐར་གྲངས་ནི403.47ཡིན་པས་ཁུལ་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ལས27.87བརྒལ་བ་རེད།
2.དོན་དངོས་སུ་སློབ་མའི་སློབ་སྦྱོང་གི་འགན་འཁྲི་ཇེ་ཡང་དུ་བཏང་སྟེ་ནན་ཏན་སྒོས་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིན། རྫོང་སློབ་གསོ་ཅུའུ་ནས་གཏན་འཁེལ་བྱས་པའི་འགན་འཁྲི་ཇེ་ཡང་དུ་གཏོང་བའི་དགོངས་དོན་ལག་བསྟར་བྱས་པ་ཡིན། སློབ་མའི་དགའ་ཕྱོགས་བསྐྱེད་བསྲིང་དང་སློབ་མའི་སེམས་ཁམས་བདེ་ཐང་ཅན་གྱི་ཕུན་སུམ་ཚོགས་པའི་བྱ་འགུལ་སྣ་ཚོགས་སྤེལ་བ་མ་ཟད། སློབ་མའི་ངལ་གསོ་དང་རོལ་རྩེད། ལུས་རྩལ་སྦྱོང་བརྡར་གྱི་དུས་ཚོད་ཁག་ཐེག་བྱས་པ་དང་མཉམ་དུ། གཟབ་ནན་སྒོས་རྒྱུགས་ལེན་ཁ་གྲངས་དང་ལས་བྱའི་གྲངས་འབོར་ལ་ཚོད་འཛིན་བྱས་ཏེ་རང་ནུས་གང་ཡོད་སྒོས་སློབ་མའི་རིག་ལམ་སྣ་ཚོགས་བསྐྱེད་བསྲིང་སྒོས་སློབ་མའི་ལུས་སེམས་བདེ་ཐང་དང་སྤྲོ་སྣང་གིས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བ་ཡིན།
བཞི་པ། སློབ་གྲྭའི་ཕྱི་རོལ་གྱི་བྱ་འགུལ་རྒྱུན་འཁྱོངས་བྱེད་པ།
སློབ་མའི་མཐོང་རྒྱ་ཇེ་ཆེ་དང་བསམ་བློ་ཀུན་སྤྱོད་ལེགས་པོ་རྒྱུན་འཁྱོངས་བྱེད་པར་མཐོང་ཆེན་བྱས་ཏེ་སློབ་མའི་རྒྱལ་གཅེས་སྤྲོ་སྣང་གསོ་སྐྱོང་བྱ་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱ་ཆེད། སློབ་གྲྭས་སྔོན་གཤེགས་དཔའ་བོའི་དུར་ས་དང་དམག་སྒར། གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་རྒན་གསོ་ཁང་། མཚོ་ལྷོ་ཁུལ་དམངས་སྲོལ་འགྲེམ་སྟོན་ཁང་སོགས་དང་མཉམ་འབྲེལ་སྒོས་སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་ཀུན་སློང་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་གྱིན་ཡོད་པ་མ་ཟད། སློབ་ལོ་རེ་རེ་མགོ་བརྩམས་མ་ཐག་ཏུ་དམའ་གཅིག་རིམ་པའི་སློབ་མ་གསར་བར་གཟའ་འཁོར་གཉིས་ལྷག་གི་དམག་སྦྱོང་བྱས་པ་ཡིན་ལ་སློབ་སྐབས་རེ་རེར་དམངས་སྲོལ་འགྲེམ་སྟོན་ཁང་ལ་ལྟ་ཞིབ་ཐེངས་གཅིག་དང་སློབ་ལོ་རེ་རེར་སྔོན་གཤེགས་དཔའ་བོའི་དུར་ས་གཙང་སེལ་ཐེངས་གཅིག་གི་བྱ་འགུལ་སྤེལ་བ། སློབ་སྐབས་རེ་ལ་སློབ་མ་རྩ་འཛུགས་སྒོས་རྒན་གསོ་ཁང་དུ་སོང་ནས་རིག་རྩལ་འཁྲབ་སྟོན་ཐེངས་གཅིག་དང་རྒན་གསོ་ཁང་ལ་གཙང་སྦྲ་བྱེད་པ། རྒན་པ་དག་གི་ལྭ་བ་གཙང་བཀྲུས་བྱེད་པ། རྒན་པ་དག་གི་སྐྲ་ཤད་པ་དང་རྐང་བ་བཀྲུས་པ་སོགས་ཀྱི་བྱ་འགུལ་བརྒྱུད་ནས་སློབ་མའི་མཐོང་རྒྱ་ཇེ་ཡངས་དང་སློབ་མའི་སྤྱི་ཚོགས་ཀྱི་ཉམས་མྱོང་རྒྱུས་ལོན་བྱེད་པའི་ནུས་པ་མཐོར་འདེགས་ཀྱིས་སློབ་མས་བཀའ་དྲིན་དྲན་དགོས་པའི་ཀུན་སློང་བསྐྱེད་བསྲིང་བྱས་ཏེ་རྒྱལ་གཅེས་སྤྲོ་སྣང་གི་སེམས་ཁམས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་དོ།།ད་ལྟའི་བར་དུ་གོང་རིམ་མགོ་ཁྲིད་ཀྱིས་མཛུབ་སྟོན་དང་སློབ་གྲྭའི་དགེ་སློབ་དག་གིས་འབད་པ་བྱས་པའི་སྟབས་ཀྱིས་སློབ་གྲྭའི་བྱ་གཞག་སོ་སོ་གོ་རིམ་ལྡན་ཞིང་འཐུས་ཚང་ཡིན་པའི་སྒོ་ནས་ལེགས་འགྲུབ་བྱས་པས་སློབ་གྲྭའི་བྱ་གཞག་འདོན་སྤེལ་གྱི་ཆ་ལ་སྔ་ན་མེད་པའི་གྲུབ་འབྲས་གསར་བ་བླངས་ཤིང་རྣམ་པ་གསར་བའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།