༄༅།།གསེར་ཆེན་རྫོང་གི2020ལོའི་བོད་ཀྱི་བཙིར་འགྱིག་འཇོན་ནུས་དར་སྤེལ་གསབ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-20 10:43:31 ཀློག་གྲངས།:
གསེར་ཆེན་རྫོང་ཡོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གླེང་ཕྱོགས་ལེགས་པོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་། གཟུགས་འདས་ཤུལ་བཞག་ལས་གཞིའི་ཤེས་ལྡན་མི་སྣའི་དངོས་ཡོད་གནས་ཚུལ་དང་གསོ་སྐྱོང་དགོས་མཁོ་བསྐོང་བ། རྫོང་ཁོངས་ཀྱི་བོད་ཀྱི་བཙིར་འགྱིག་ལ་དགའ་མོས་ཡོད་མཁན་དག་གི་གཞུང་ལུགས་ཆུ་ཚད་དང་འགྲན་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། སྤྱི་ཟླ5བའི་ཚེས20ཉིན་གྱི་སྔ་དྲོར། གསེར་ཆེན་རྫོང་རིག་གནས་ཁང་གིས2020ལོར་བོད་ཀྱི་བཙིར་འགྱིག་འཇོན་ནུས་དར་སྤེལ་གསབ་སྦྱོང་འཛིན་གྲྭ་དེ་རིག་གནས་ཁང་གི་ཐོག་སོ་གསུམ་པར་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་གསོ་སྦྱོང་མཛད་སྒོར་ཞུགས་པ་དང་། གསེར་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ11གི་བཙིར་འགྱིག་དགའ་མོས་ཅན་སྐོར་ཞིག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་ལ་ཞིང་ཆེན་རིམ་པའི་བོད་ཀྱི་བཙིར་འགྱིག་རྒྱུན་འཛིན་པ་ཟླ་བ་ཐར་དང་མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་འགོ་གཙོ་རྟ་མགྲིན་ཚེ་རིང་གཉིས་ཆེད་དུ་གདན་འདྲེན་ཞུས་ཏེ་བོད་ཀྱི་བཙིར་འགྱིག་ཤེས་བྱའི་ཐད་ནས་སློབ་ཁྲིད་གནང་། 
ཐེངས་འདིའི་གསོ་སྦྱོང་ནི་གཅིག་བསྡུས་གསོ་སྦྱོང་དང་སློབ་ཁྲིད་ལག་ལེན་གཉིས་ཟུང་སྦྲེལ་སྒོས། ཆེད་དོན་འཆད་ཁྲིད་དང་དོགས་གཞི་སེལ་བ། ཕན་ཚུན་འབྲེལ་འདྲིས། ལག་ལེན་ཚོད་རྒྱུགས་སོགས་ཀྱི་རྣམ་པ་སྤྱད་དེ། གསོ་སྦྱོང་ལ་ཞུགས་མཁན་དག་གི་བཙིར་འགྱིག་ནུས་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བཙིར་འགྱིག་འདེབས་པའི་ནུས་པ་བྱང་ཆུད་པར་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་ནུས་ཤུགས་དངོས་གནས་མཐོར་འདེགས་སུ་གཏོང་བ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།