ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅།།ནག་ཆུ་གྲོང་ཁྱེར་མི་ཤུགས་ཅུའུ་ཡིས་འབྲོག་དམངས་མཉམ་ལས་ཁང་གི་འགན་ཁུར་བ་རྩ་འཛུགས་བྱས་ནས་ཆེད་དུ་མཚོ་སྔོན་ཏུ་སློབ་སྦྱོང་ལ་ཡོང་།
༄༅།།ནག་ཆུ་གྲོང་ཁྱེར་མི་ཤུགས་ཅུའུ་ཡིས་འབྲོག་དམངས་མཉམ་ལས་ཁང་གི་འགན་ཁུར་བ་རྩ་འཛུགས་བྱས་ནས་ཆེད་དུ་མཚོ་སྔོན་ཏུ་སློབ་སྦྱོང་ལ་ཡོང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-11-30 09:39:14
ཀློག་གྲངས།:


དེ་མ་ཟད་ཞིང་ཆེན་བརྒལ་བའི་གསོ་སྦྱོང་གི་ནང་དོན་གཙོ་བོར་གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་སློབ་སྦྱོང་གི་བྱེད་ཐབས་སྤྱད་ནས་སྤུས་ཚད་མཐོ་ཞིང་བྱང་ཚད་བཟང་བའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་སྐྱེད་སྲིང་བྱེད་རྒྱུ་བརྗོད་གཞི་གཙོ་བོར་གཏན་འཁེལ་བྱས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”དད་མོས་ཀྱི་རྨང་རྡོ་བརྟན་པོར་བཙུགས་པ་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྤྱད་དེ་ནག་ཆུ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྦྱོང་འདིའི་མགོ་རྔ་བར་གསུམ་ཀུན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་མང་ཚོགས་ཡོང་འབབ་ཇེ་མཐོར་གཏོང་བ། ཐོན་སྐྱེད་ནུས་པ་ཇེ་བཟང་འགྲོ་བའི་ཆེད་དུ་ནག་ཆུ་གྲོང་ཁྱེར་གྱི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཚོ་མཚོ་སྔོན་གྱི་ས་ཁུལ་སོ་སོར་སོང་ནས་ནག་ཆུ་ས་ཁུལ་གྱི་འཕེལ་རྒྱས་གནས་བབ་ལ་འཚམ་པའི་མཉམ་ལས་ཁང་ལ་དང་བཟོ་གྲྭ། ཁེ་ལས་སོགས་ལ་སློབ་སྦྱོང་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་ལ། ཁོ་ཚོས་ཀྱང་ཕྱིར་ནག་ཆུ་ས་ཁུལ་སོ་སོར་སོང་ནས་རང་གི་སྡེ་བའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ནུས་པ་འདོན་རྒྱུ་ཡིན་ཟེར།

འགན་འཛིན་པ་པདྨ་རྡོ་རྗེས་བཤད་དོན། ས་ཁུལ་ཞིག་ཡར་རྒྱས་འགྲོ་བ་ལ་དེ་དང་འཚམ་པའི་མིག་དཔེ་ལྟ་ས་དང་། སློབ་སྦྱོང་བྱེད་ས་མཁོ་བ་མ་ཟད། མཐོ་སྒང་གི་ཐོན་ལས་སྣ་ཚོགས་འཕེལ་རྒྱས་འགྲོ་དགོས་ན་ལས་རིགས་གང་དེའི་ནང་གི་རྩེ་གྲ་དག་ལ་ཁ་མིག་ཡར་ལྟ་བྱེད་དགོས་མོད། འོན་ཏེ་མཐོ་སྒང་གི་ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་དལ་ཞིང་དཀའ་ཁག་ཆེ་བའི་དབང་གིས་ང་ཚོར་ངེས་པར་དུ་མཐོ་སྒང་ལ་འཚམ་པའི་འཕེལ་རྒྱས་ཀྱི་བྱེད་ཐབས་ཤིག་འཚོལ་དགོས། འདི་ནི་ང་ཚོར་འཕྲད་ཀྱིན་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཡང་རེད།

འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།