༄༅། །ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཨེ་ཛི་སྔོན་འགོག་གི་བྱ་འགུལ་སྤེལ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-03 10:31:29 ཀློག་གྲངས།:
 འཆད་ཁྲིད་དགེ་རྒན།
       སྤྱི་ལོ2020ལོའིཟླ12པའི་ཚེས1ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཁྲི་ཀ་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པ་དང་འབྲེལ་ཡོད་མི་སྣ་གདན་འདྲེན་ཞུས་ནས།  སློབ་མ་ཚོར་ཨེ་འགོག་དང་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་དྲིལ་སྒྲོག་གི་འཆད་ཁྲིད་གནང་དུ་བཅུག 
       ཟླ12པའི་ཚེས1ཉིན་ནི་འཛམ་གླིང་ཨེ་འགོག་ཉིན་མོ་སོ་གསུམ་པ་ཡིན་ཞིང་། ད་ལོའིརང་རྒྱལ་གྱི་དྲིལ་སྒྲོག་གི་བརྗོད་དོན་ནི“རིམས་ནད་ཨེ་ཛི་འགོག་པར་ལག་གདང་སྦྲེལ། བདེ་ཐང་འགན་ཁུར་མཉམ་དུ་གདེག་པར་བྱ།”ཞེས་པ་དེ་ཡིན།  འཛམ་གླིང་ཨེ་འགོག་ཉིན་མོ་སྲུང་བརྩི་བྱས་ནས་སློབ་མ་ཚོའི་ཨེ་འགོག་དང་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་མཐོར་འདེགས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱ་ཆེད། སློབ་གྲྭས་ཁྲི་ཀ་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྦྱར་ནད་ཨེ་ཛིའི་སྡེ་ཚན་གྱི་ཆེད་མཁས་པ་་གདན་འདྲེན་བྱས་ཏེ།བཀོད་སྒྲིག་གི་རིམ་པ་ལྟར་ད་ཐེངས་མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མ་ལས་སྐྱེས་མ་རྣམས་ལ་ཆེད་དུ་འཆད་ཁྲིད་གནང་དུ་བཅུག དགུང་མོའི་དུས་ཚོད་བདུན་གྱི་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཚོམས་ཆེན་དུ་འཆད་ཁྲིད་དངོས་སུ་མགོ་བརྩམས། འཆད་ཁྲིད་ཀྱི་བརྗོད་གཞི་ལ《གཞོན་ནུའི་ཨེ་འགོག་ཤེས་བྱ》དང《ལང་ཚོའི་སྐབས་ཀྱི་སྐྱེས་མའི་ལུས་ཁམས་ཀྱི་འཕྲོད་བསྟེན་བདེ་ཐང》གཉིས་སུ་ཕྱེ་ཡོད་པ་ལས།དང་པོ་ལྕམ་ཀྲུང་ཞའོ་ཁྲེན་གྱིས་སློབ་མ་ཚོར་ཨེ་ཛིའི་ནད་ཀྱི་མཚན་ཉིད་དང་ནད་དུག་གི་གནས་ཡུལ། འབྱུང་ཁུངས་དང་འགོས་ལམ།   ནད་རྟགས་དང་སྨན་བཅོས།  སྔོན་འགོག་བྱེད་ཐབས་དང་རང་རྒྱལ་གྱི་ཨེ་ཛི་སྔོན་འགོག་གི་ཐབས་ཇུས་བཅས་ཀྱི་སྐོར་ནས་འཆད་ཁྲིད་གནང་ཞིང་། དེའི་རྗེས་སྐྱེས་མ་རྣམས་ཀྱི་ལང་ཚོའི་སྐབས་ཀྱི་ལུས་ཁམས་ཀྱི་ཁྱད་ཆོས་དང་འགྱུར་བ། ན་སྟངས། མཉམ་འཇོག་བྱེད་དགོས་ས་སོགས་བརྗོད་གཞི་གཉིས་པའི་ནང་དོན་བཅས་རང་གི་ནད་ཐོག་ལག་ལེན་གྱི་ཉམས་མྱོང་དང་གཞུང་ལུགས་ཀྱི་ཤེས་བྱ་གཉིས་ཟུང་དུ་སྦྲེལ་ཅིང་།  ཡི་གེ་དང་པར་རིས།  བརྙན་ཟློས་སོགས་ཀྱི་སྨྱན་མང་གཟུགས་ལེགས་པར་སྤྱད་ནས་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རིང་འཆད་ཁྲིད་གནང་བས།སློབ་གྲོགས་ཚོའི་ཨེ་འགོག་གི་འདུ་ཤེས་མཐོར་འདེགས་གཏོང་བ་དང་ལུས་ཁམས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་བྱུང་།
བྱ་འགུལ་གྱི་ཡུལ་དངོས།
      རིམས་ནད་དང་ཨེ་ཛིའི་ནད་རིགས་སོགས་ནི་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་དང་བདེ་སྐྱིད་ཀྱི་གཤེད་མར་གྱུར་བའི་འཛམ་གླིང་རང་བཞིན་གྱི་འགོས་ནད་ཆེན་པོའི་རིགས་སུ་གཏོགས།  ཨེ་ཛེའི་སྔོན་འགོག་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་ཆེད་ང་ཚོ་མི་རེ་རེ་ནས་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་འདོན་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།