ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅།།མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས2021ལོའི5.18རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོའི་བྱ་འགུལ་སྤེལ།
༄༅།།མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས2021ལོའི5.18རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོའི་བྱ་འགུལ་སྤེལ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-05-18 16:41:03
ཀློག་གྲངས།:

གཅིག་ནི་མཚོ་ལྷོ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་ཚེ་གཟུང་ཐར་གྱིས་བྱ་འགུལ་ལ་ཤིས་ཚིག་ཕུལ། གཉིས་ནི་དང་བླངས་པའི་འཐུས་ཚབ་མི་སྣས་སྤྱི་ཚོགས་ཡོངས་ལ་རིག་གནས་གནའ་རྫས་སྲུང་སྐྱོབ་བྱེད་པའི་གྲོས་འདོན་ཡི་གེ་བསྒྲགས་འདོན་བྱས། གསུམ་ནི་ཕུལ་བྱུང་དང་བླངས་པ་རྣམས་ལ་བྱ་དགའ་གནང་སྟེ་སྤྱི་ཚོགས་ཡོངས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་བྱ་བར་དོ་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་། བཞི་ནི་ཐང་བོད་གནའ་ལམ་དང་མཚོ་བོད་རྒྱུད་ལམ་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་འགྲེམས་སྟོན་བྱས་ཤིང་། འདིར་པར་རིས་དང་ཡི་གེ་གཉིས་སྤྱོད་ཀྱི་ལམ་ནས་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་ལོ་རྒྱུས་གྲགས་ཅན་གནའ་ཤུལ་ངོ་སྤྲོད་བྱས་ཡོད་པ་དང་། དེ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་གོ་སླ་བའི་ཁྱད་ཆོས་ལྡན། ལྔ་ནིVRགཞི་གྲངས་ཅན་གྱི་མིག་ཤེལ་རོལ་མྱོང་བྱེད་པ་སྟེ། མིག་ཤེལ་དེ་གོན་རྗེས་ཁྱེད་ཉིད་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་དངོས་སུ་སླེབས་པ་དང་ཇི་མ་ཇི་བཞིན་གྱི་རོལ་མྱོང་སྟེར་ཐུབ། དྲུག་ནི་ཡུལ་དངོས་སུ་རྒྱ་ཆེའི་མང་ཚོགས་ལ་རིན་མེད་སྒོས་གནའ་རྫས་གསལ་འབྱེད་བྱེད་པའི་ཞབས་ཕྱི་མཁོ་འདོན་བྱས།









དེ་རིང་ནས་བཟུང་། མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དངོས་སུ་སྤྱི་ཚོགས་ཡོངས་ལ་འགྲེམས་སྟོན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་རྣམས་ལྟ་སྐོར་སླེབས་པར་དགའ་བསུ་བྱེད།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།