མགོ་ལོག་གིས་བརྙན་པར་དང་ཡིག་དེབ་སོགས་གྲངས་ཀ་ཅན་དུ་གཏོང་འགོ་བརྩམས་པ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-21 08:36:12 ཀློག་གྲངས།:
        ཟླ༤ཚེས༨ནས༡༨ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་དུས་རིམ་རང་བཞིན་གྱི་འཛུགས་སྐྲུན་གྲུབ་འབྲས་ལ་སྔར་བས་ཤུགས་སྣོན་པ། ཚོད་ལྟའི་ཁུལ་གྱི་སྤྱིའི་འཆར་འགོད་ཀྱི་བླང་བྱ་དང་གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་སྟེ། གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་དོ་དམ་གཞུང་ལས་ཁང་གིས་གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་དུས་རིམ་རང་བཞིན་གྱི་འཛུགས་སྐྲུན་གྲུབ་འབྲས་ལས་བརྙན་པར་དང་ཡིག་དེབ་གྲངས་ཀ་ཅན་དུ་གཏོང་བའི་ལས་གཞི་བསྒྲུབས་འགོ་བརྩམས་པ་རེད།
        གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་དུས་རིམ་རང་བཞིན་གྱི་འཛུགས་སྐྲུན་གྲུབ་འབྲས་ལས་བརྙན་པར་དང་ཡིག་དེབ་གྲངས་ཀ་ཅན་དུ་གཏོང་བའི་ལས་གཞི་འདིས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱེད་པ་དང་། ཚོད་ལྟའི་ཁུལ་གྱི་སྲུང་སྐྱོབ་ལས་དོན་ལས་ཞན་སའམ་མི་འདང་ས་ཞིབ་འཇུག་དང་ཁ་སྐོང་བྱེད་པ་མཚོན་ལ། འདི་ནི་གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་གེ་སར་རིག་གནས་ཀྱི་རྣམ་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཆེན་པོ་ལྔར་དམིགས་ནས་སྤེལ་བའི་མྱུར་སྐྱོབ་རང་བཞིན་གྱི་གྲངས་གཞི་ཉར་ཚགས་བྱེད་པའི་ལས་གཞི་ཞིག་ཀྱང་རེད།

        རྒྱུས་ལོན་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་མེ་སྒྲོན་གདན་འདྲེན་བྱས་ཏེ། གེ་སར་རིག་གནསམགོ་ལོགསྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་དུས་རིམ་རང་བཞིན་འཛུགས་སྐྲུན་གྲུབ་འབྲས་ལས་བརྙན་པར་དང་ཡིག་དེབ་གྲངས་ཀ་ཅན་དུ་གཏོང་བའི་ལས་གཞིའི་རྟོག་ཞིབ་ཚན་ཆུང་བཙུགས་ཤིང་། སྔ་རྗེས་སུ་རྨ་ཆེན་དང་། གཅིག་སྒྲིལ། པདྨ། དར་ལག་སོགས་རྫོང་བཞིའི་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲིད་སྦྱོང་རྟེན་གཞི་དང་དམངས་སྲོལ་རིག་གནས་སྲུང་སྐྱོང་ས་ཚིགས་བཅས་སུ་ཡུལ་དངོས་བརྟག་དཔྱད་བརྒྱུད། འདྲི་རྩད་ཞིབ་ཕྲ་དང་ཁྱོན་ཡོངས་ནས་ཡི་གེ་དང་། གཟུགས་རིས། བརྙན་ཟློས་སོགས་གྲངས་གཞིའི་དཔྱད་ཡིག་ཕྱོགས་བསྡུས་སྒོས་འཚོལ་བསྡུ་བྱས་པ་དང་། འཐུས་ཚབ་རང་བཞིན་དང་རྒྱུན་འཛིན་རང་བཞིན་ལྡན་པའི་གྲུབ་འབྲས་ཁག་གཅིག་ལ་འགྲེམས་སྟོན་བརྙན་རིས་ཕབ་བསྐྲུན་བྱས་ཤིང་། དེ་དག་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་བྱ་བར་གྲོས་བསྡུར་དང་ཞིབ་འཇུག་སོགས་ཀྱི་བྱ་བ་བསྒྲུབས་ཏེ། ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་གྲངས་གཞིའི་རྨང་གཞི་བཏིང་པ་རེད།
འཕྲིན་གཏོང་བ། ཆབ་འགག་ཇོ་རུ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།