ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།
རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-03-05 10:13:34
ཀློག་གྲངས།:
ཟླ3པའི་ཚེས4ཉིན། རྨ་ལྷོ་ཚགས་པར་ཁང་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་སྤེལ། མཛད་སྒོའི་སྟེང་རྨ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྨ་ལྷོ་ཁུལ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྟ་མགྲིན་རྡོ་རྗེ་དང་། རྨ་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་ལྷ་ཐར། ཐུན་རིན་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དཀོན་མཆོག་སྐྱབས་སོགས་འབྲེལ་ཡོད་མགོ་ཁྲིད་དང་། རིག་ལྡན་རྒྱ་མཚོ་དང་བྱང་སྒྲ་སྙན་སོགས་རྩོམ་པ་པོ། གཞན་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སོ་སོའི་སློབ་གཙོ་དང་དགེ་རྒན། བྱ་དགའ་ཐོབ་པའི་སློབ་མ་བཅས་མི་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད།

མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་དང་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ། སློབ་གསོ་རོགས་སྐྱོར་པའི་བྱ་དགའ། ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་བཅས་སྤྲད་པ་དང་། ཕུལ་བྱུང་མཛུབ་སྟོན་དགེ་རྒན་དང་བྱ་དགའ་ཐོབ་པའི་སློབ་མའི་འཐུས་ཚབ་ཀྱིས་གཏམ་བཤད།
གཞན་ཡང་བྱ་དགའ་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་ཚབ་པ་བན་དེ་སྒོམ་པས་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའི་གོ་རིམ་དང་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་དང་། ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་སྦྱིན་བདག་རླངས་ཚང་བསོད་ནམས་རྡོ་རྗེ་ཡིས་སློབ་མའི་རྩོམ་འབྲིའི་གལ་ཆེན་རང་བཞིན་དང་སྤྱི་ཚོགས་སྣ་སྒོ་མོ་ཀུན་ཏུ་བྱ་འགུལ་འདི་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་གནང་། ཨ་མྱེས་ཚང་རེ་སྐོང་རིག་གནས་དཔེ་ཁང་གི་སྐུ་ཚབ་ཏིང་འཛིན་རབ་བརྟན་གྱིས་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དཔེ་ཁང་ཞིག་གི་འགན་མོས་ལས་འཕྲོས་ཏེ་ས་གནས་རིག་གནས་ལ་ཞབས་འདེགས་ཞུ་བའི་དམིགས་སྒོ་སྐོར་ནས་གཏམ་བཤད།

རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་བྱེད་སྒོ་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་རིགས་སློབ་འབྲིང་གི་རྩོམ་འབྲིའི་ཕྱོགས་ལ་དགའ་བ་འཛིན་མཁན་དག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་སློབ་འབྲིང་སློབ་མ་རྣམས་ཧུར་ཐག་གིས་འགྲན་བསྡུར་ལ་ཞུགས་པར་བརྟེན། 2021ལོའི་ཟླ3པར་རྩོམ་བསྡུའི་བྱེད་སྒོ་མགོ་བརྩམས་པ་ནས2022ལོའི་ཟླ3པའི་ཟླ་མཇུག་བར་རྩོམ་ཡིག300ལྷག་ཙམ་འབྱོར་བ་ལས། ལེགས་འདེམས་བྱས་པ་བརྒྱུད་བརྩམས་ཆོས100ལྷག་ཙམ«རྨ་ལྷོ་བོད་ཡིག་ཚགས་པར»དུ་བཀོད་པ་དང་། དེ་དག་ལས་དཔྱད་འདེམ་ཨུ་ལྷན་གྱིས་དཔྱད་འདེམ་བྱས་པ་བརྒྱུད་བརྩམས་ཆོས22ལ་བྱ་དགའ་སྤྲད། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་བྱེད་སྒོ་འདི་ཉིད་ས་ཁུལ་གྱི་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་འགྲན་བསྡུར་ནང་ཞུགས་མཁན་སློབ་མ་ཞུགས་ཚད་མང་ཤོས་ཡིན་པ་དང་། རྩོམ་སྒྲིག་དཔྱད་འདེམ་གྱི་ཆེད་ལས་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་དང་དོ་ཁུར་བྱེད་ཚད་རིམ་བཞིན་ཆེ་རུ་འགྲོ་བ་དེས་སློབ་མའི་མཐོང་རྒྱ་སྐྱེད་པ་དང་། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བློ་གྲོས་རྒྱས་པར་བྱེད་པ། སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱེད་པ། སློབ་མའི་རྒྱུད་ཀྱི་ཤེས་བྱ་ཇེ་ཟབ་ཏུ་གཏོང་བ། སློབ་མའི་གསར་རྩོམ་སྙིང་སྟོབས་དང་ལག་ལེན་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ལ་ཕན་པ་རྒྱ་ཆེན་པོ་ཐོན་ཡོད།

མཛད་སྒོ་མཇུག་སྒྲིལ་ཁར། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་རྡོ་རྗེ་ཚེ་བརྟན་གྱིས་སྤྱི་བསྡོམས་གཏམ་བཤད་གནང་སྟེ། བྱ་དགའ་འདི་ཉིད་ལ་ས་ཁུལ་རང་བཞིན་གྱི་དམིགས་གསལ་ཁྱད་ཆོས་དང་ལྡན་པས། རྗེས་མ་མུ་མཐུད་དུ་བོད་རྒྱ་སྐད་གཉིས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་ཏུ་རྒྱ་བསྐྱེད་དེ་དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་རྔ་ཆེན་རྡུང་བ་དང་། འབད་འཐབ་ལ་བརྟེན་ནས་སྐྱོད་ལམ་གསར་པའི་སྙན་ཚིག་བྲིས་ཏེ་རྨ་ལྷོའི་ཡུན་རིང་བདེ་འགོད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དུ་སྔར་ལས་ལྷག་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་བྱ་དགའ་ཐོབ་པའི་སློབ་བུ་དག

ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་འཐོབ་མཁན།

ཕུལ་བྱུང་སློབ་གསོ་རོགས་སྒྲུབ་མི་སྣའི་བྱ་དགའ་འཐོབ་མཁན་དང་སློབ་གསོ་རོགས་སྐྱོར་པའི་བྱ་དགའ་འཐོབ་མཁན། རླངས་ཚང་བསོད་ནམས་རྡོ་རྗེ།

ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འཐོབ་མཁན།

རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པའི་ཚོགས་མིའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།