ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ངོ་མཚར་ཐོན་མིའི་ཕྱག་རྒྱུན་རི་མོའི་དཔལ། འཛམ་གླིང་ཞི་བདེ་འཕེལ་བའི་རྒྱན་དུ་མཛེས།
ངོ་མཚར་ཐོན་མིའི་ཕྱག་རྒྱུན་རི་མོའི་དཔལ། འཛམ་གླིང་ཞི་བདེ་འཕེལ་བའི་རྒྱན་དུ་མཛེས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-29 18:15:56
ཀློག་གྲངས།:
གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་ཐོན་མིའི་ཕྱག་རྒྱུན་རྟགས་མའི་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ཏང་གི་ཡང་དག་པའི་སློབ་གསོའི་ལམ་ལུགས་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གཞིར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། སྒོས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མཐོར་འདེགས་དང་འཆམ་མཐུན་སློབ་རའི་རིག་གནས་ཕུན་སུམ་ཚོགས་ཤིང་ཚན་རིག་དང་མཐུན་པར་བྱ་ཆེད། མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་རིག་གནས་སྔར་ལས་འཐུས་ཚང་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི་སྤྱོད་ཡོན་གཉིས་འཛོམས་ཀྱི་ཤེས་ལྡན་མི་སྣ་ཞིག་ལ་ངེས་པར་དུ་འཛོམས་དགོས་པའི་ཆེས་སྤྱིར་བཏང་གི་ཆ་རྐྱེན་ཉག་གཅིག་ཡིན་ལ། སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་གཏོང་བའི་ལག་ཆ་གལ་ཆེན་ཞིག་དང་མི་རིགས་རང་གི་རིག་གནས་ལ་བཅངས་པའི་བསམ་བློའི་རྣམ་པ་ཞིག་ཀྱང་མཚོན་ཐུབ་ཕྱིར། མི་རིགས་རང་གི་ཐོན་མིའི་ཕྱག་རྒྱུན་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བར་ནུས་པ་གང་ཡོད་འདོན་དགོས་པར་རིགས།

༢༠༢༣ལོའི་ཟླ༤ཚེས༢༢ཉིན་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་བསུ་བའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་དེ་རང་སློབ་གྲྭའི་ཡིག་གཟུགས་སློབ་་ཁང་དུ་གཟབ་རྒྱས་ངང་སྤེལ་བ་པ་ཡིན་ལ། ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་མགོ་ཁྲིད་དང་དགེ་སློབ་མཐའ་དག་དུས་ལྟར་ཡུལ་དངོས་སུ་ཕེབས་ནས་ཡིག་གཟུགས་འགྲན་སྡུར་གྱི་ལས་ལ་བྲེལ་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་མགོ་ཁྲིད་ཀྱིས་སློབ་རའི་རིག་གནས་ཕུན་ཚོགས་སྣ་མང་དང་འཆམ་མཐུན་སློབ་ར་འཛུགས་སྐྲུན་ཐད་ཀྱི་གསུངས་བཤད་གལ་ཆེན་གནང་པ་རེད། ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་ནི་དམའ་གཅིག་དང་དམའ་གཉིས་ཀྱི་ལོ་རིམ་ཁག་ལས་ཡིག་གཟུགས་ལ་དགའ་མོས་ཡོད་པ་དང་འབྲི་རྩལ་གྱི་རྨང་གཞི་ལེགས་པའི་སློབ་མ༧༠རེ་ཞུགས་ཤིང་དམའ་གཅིག་རིམ་པའི་སློབ་མའི་བྲི་བྱའི་ནང་དོན་ནི་པིར་གྱི་རྩེ་མོའི་འཐེན་པའི་ཡི་གེའི་གཟུགས། །དཀར་འཇམ་ཤོག་བུའི་སྟེང་དུ་གསལ་གྱུར་ཀྱང་། །སོར་མོའི་རྩལ་ལ་བྱང་གོམས་མ་མཆིས་ན། །འབྲུ་ཕྲེང་མཚར་དུ་དངར་བ་ཤིན་ཏུ་དཀའ། །ཞེས་པ་དང་དམའ་གཉིས་རིམ་པའི་སློབ་མའི་བྲི་བྱའི་ནང་དོན་ནི་ཐོན་མིའི་ཕྱག་སོར་རྩལ་གྱིས་ལེགས་བསྐྲུན་པའི། །གངས་ཅན་རིག་པའི་མཛོད་ཀྱི་རིན་བྲལ་ནོར། །ཉམས་འགྱུར་སྟོང་ལྡན་བོད་ཡིག་གཟུགས་རིས་འདི། །མི་ཉམས་གོང་ནས་གོང་དུ་འཕེལ་གྱུར་ཅིག །ཞེས་པའོ། །

བྱ་དགའ་ཐོབ་པའི་སློབ་མའི་བརྩམས་ཆོས།

བྱ་དགའ་ཐོབ་པའི་སློབ་མའི་བརྩམས་ཆོས།
ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་དམིགས་ཡུལ་ལེགས་འགྲུབ་འབྱུང་ཕྱིར་སློབ་མའི་བརྩམས་ཆོས་རེ་རེ་ལ་དྲང་བདེན་དང་འདྲ་མཉམ་གྱིས་དཔྱད་བསྡུར་བྱས་པ་བརྒྱུད་འབུར་དུ་ཐོན་པའི་སློབ་གྲོགས་བཅུ་རེ་བདམས་ནས་ཟླ༤བའི་ཚེས༢༧ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཛད་སྒོའི་སྟེང་བྱ་དགའ་སྟེར་བའི་སྟ་གོན་བགྱིས། དེ་དང་མཉམ་དུ་ཐེངས་འདིའི་ཐོན་མིའི་ཕྱག་རྒྱུན་རྟགས་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་ཡིག་གཟུགས་བརྩམས་ཆོས་དག་སློབ་གྲྭའི་ལུས་རྩལ་ཁང་དུ་བཤམས་ཏེ་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་ཕུལ་བ་ཡིན།

བྱ་དགའ་རེག་པའི་སློབ་མ།
ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་ཁྲོད་ལོ་རིམ་ཁག་སོ་སོ་ནས་འབྲི་རྩལ་གྱི་ཡོན་ཏན་འབུར་དུ་ཐོན་པའི་སློབ་གྲོགས༡༥ལ་ཡུལ་དངོས་ནས་གཟེངས་རྟགས་བསྩལ་ཞིང་དམའ་གཅིག་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་འཛིན་གྲྭ་བཅུ་གཉིས་བའི་སློབ་གྲོགས་དཔལ་ལྡན་གྲགས་པ་དང་འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་བསྟན་འཛིན་ནོར་བུ་གཉིས་ཡིན། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནི་འཛིན་གྲྭ་བཅུ་བའི་སློབ་གྲོགས་དབང་གྲགས་རྡོ་རྗེ། འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་གུ་དྲག་སྐྱབས། འཛིན་གྲྭ་བཅུ་གཉིས་པའི་སློབ་གྲོགས་དཔལ་བཙུན་རྡོ་རྗེ་དང་འཛིན་གྲྭ་དྲུག་པའི་སློབ་གྲོགས་རིན་ཆེན་དབང་རྒྱལ་བཅས་ཡིན། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི་འཛིན་གྲྭ་བཅུ་བའི་སློབ་གྲོགས་ཕག་མོ་ཤེས་རབ། འཛིན་གྲྭ་དྲུག་པའི་སློབ་གྲོགས་གངས་ལྷ་གཡུ་སྒྲོན། འཛིན་གྲྭ་གསུམ་པའི་སློབ་གྲོགས་བསོད་ནམས་རྡོ་རྗེ། འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་ཕག་མོ་ཚེ་འཛིན་བཅས་ཡིན། རྟིང་སྐུལ་བྱ་དགའ་ཐོབ་མཁན་ནི་འཛིན་གྲྭ་བཞི་བའིསློབ་གྲོགས་ཀུན་བཟང་བཀྲ་ཤིས། འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་གསེར་མཚོ་སྐྱིད། འཛིན་གྲྭ་དགུ་བའི་སློབ་གྲོགས་བན་འདེ་བཀྲ་ཤིས། འཛིན་གྲྭ་གཉིས་བའི་སློབ་གྲོགས་ཕུན་ཚོགས་སྐྱིད། འཛིན་གྲྭ་ལྔ་བའི་སློབ་གྲོགས་བསོད་ནམས་ལྷ་མོ་བཅས་རེད།

བྱ་དགའ་རེག་པའི་སློབ་མ།
དམའ་གཉིས་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་འཛིན་གྲྭ་བརྒྱད་པའི་སློབ་གྲོགས་པདྨ་རྡོ་རྗེ། འཛིན་གྲྭ་བཅུ་གཉིས་པའི་སློབ་གྲོགས་མགོན་པོ་ཚེ་རིང་གཉིས་ཡིན། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནི་འཛིན་གྲྭ་བཅུ་གཉིས་སློབ་གྲོགས་སྟོབས་ལྡན་སྒྲོལ་མ།འཛིན་གྲྭ་དྲུག་པའི་སློབ་གྲོགས་པདྨ་བཟང་མོ། འཛིན་གྲྭ་དང་པོའི་སློབ་གྲོགས་རྡོ་རྗེ་གཡུ་སྒྲོན། འཛིན་གྲྭ་དགུ་བའི་སློབ་གྲོགས་རྡོ་རྗེ་སྒྲོལ་མ་བཅས་ཡིན། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི་འཛིན་གྲྭ་དང་པོའི་སློབ་གྲོགས་གཡང་སྐྱབས་ཚེ་རིང་། འཛིན་གྲྭ་གཉིས་པའི་སློབ་གྲོགས་ཕག་མོ་སྒྲོལ་མ། འཛིན་གྲྭ་བརྒྱད་པའི་སློབ་གྲོགས་ཚེ་བརྟན་རྡོ་རྗེ་དང་དབྱངས་ཅན་ལྷ་མོ་བཅས་ཡིན། རྟིང་སྐུལ་བྱ་དགའ་ཐོབ་མཁན་ནི་འཛིན་གྲྭ་གསུམ་པའི་སློབ་གྲོགས་་འཇམ་དབྱངས་ཆོས་སྒྲོན། འཛིན་གྲྭ་གཉིས་པའི་སློབ་གྲོགས་ལྕགས་མོ་མཚོ།འཛིན་གྲྭ་ལྔ་བའི་སློབ་གྲོགས་སྙིང་ལྕགས་སྒྲོལ་མ། འཛིན་གྲྭ་བདུན་པའི་སློབ་གྲོགས་དར་སྐྱིད་སྒྲོལ་མ། འཛིན་གྲྭ་དགུ་བའི་སློབ་གྲོགས་ཤེལ་དཀར་སྒྲོལ་མ་བཅས་རེད། གོང་གསལ་གྱི་སློབ་གྲོགས་དག་ལ་ཡུལ་དངོས་ནས་བྱ་དགའ་གནང་སྟེ་དགེ་རྒན་ཚེ་མགོན་རྒྱལ་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་གལ་ཆེན་རང་བཞིན་དང་ཡིག་གཟུགས་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་དགོས་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གནང་བ་དང་ཆབས་ཅིག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་དེ་དགའ་སྤྲོའི་ངང་མགོ་བརྩམས་ཤིང་རྒྱལ་ཁའི་ངང་མཇུག་བསྡུས་པ་རེད།

འགྲན་ཞུགས་བརྩམས་ཆོས་དག་ལ་དཔྱད་འདེམས་བྱ་བཞིན་པ།

ཡིག་གཟུགས་འགྲེམ་སྟོན་དང་བྱ་དགའ་གནང་བའི་ཡུལ་དངོས་ཀྱི་རྣམ་པ།
ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་འདི་སྤེལ་བས་རང་སློབ་གྲྭའི་དགེ་སློབ་དག་གི་སེམས་ལ་སློབ་རའི་རིག་གནས་ཕུན་ཚོགས་སྣ་མང་ཅན་དང་ཡིག་གཟུགས་ཤེས་བྱའི་གལ་ཆེན་རང་བཞིན་གྱི་དགེ་མཚན་དྲིལ་བསྒྲགས་ལ་ནུས་པ་གང་ཡོད་འདོན་དགོས་པར་རིགས་པའི་བག་ཆགས་ཟབ་མོ་བཞག་པ་རེད།

བྱ་དགའ་ཐོབ་མཁན་གྱི་སློབ་མའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།