ཨ་མདོ་བརྙན་འཕྲིན་གྱི་མེ་ཏོག་གངས་ལྷ་རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་གསུམ་པ་ལེགས་པར་གྲུབ།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2023-05-15 15:10:14 ཀློག་གྲངས།:
       མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་གསུམ་པ་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ལེགས་པར་གྲུབ།
ན་ཆུང་བྱིས་པ་དག་གིས་སེམས་འགྱུ་ངག་ལ་བཀུག་ནས་སྙན་མོའི་གཞས་ལེན་བཞིན་པ།
ན་ཆུང་བྱིས་པ་དག་གིས་སེམས་འགྱུ་ངག་ལ་བཀུག་ནས་སྙན་མོའི་གཞས་ལེན་བཞིན་པ།
       ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་རེ་བ་ཡིན། དེ་རིང་མེས་རྒྱལ་གྱི་ན་ཆུང་བཟང་པོ་དེ་སང་ཉིན་མེས་རྒྱལ་གྱི་འཛུགས་སྐྲུན་པ་བཟང་པོ་ཡིན་པས། བདེ་སྐྱིད་ཀྱི་འཚོ་བ་ནི་ཁྱེད་ཅག་ལ་དབང་ཞིང་། མཚར་སྡུག་ལྡན་པའི་ཀྲུང་གོའི་འདུན་མའང་ཁྱེད་ཅག་ལ་དབང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ན་ཆུང་བྱིས་པ་རྣམས་ལ་བཅངས་པའི་རེ་ལྟོས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པར་བཅངས་པའི་སྨོན་འདུན་ཡིན།
ན་ཆུང་བྱིས་པ་དག་གིས་སེམས་འགྱུ་ངག་ལ་བཀུག་ནས་སྙན་མོའི་གཞས་ལེན་བཞིན་པ།
ན་ཆུང་བྱིས་པ་དག་གིས་སེམས་འགྱུ་ངག་ལ་བཀུག་ནས་སྙན་མོའི་གཞས་ལེན་བཞིན་པ།
       ཨ་མདོ་བརྙན་འཕྲིན་གྱིས་བོད་སྐད་ཀྱི་བྱིས་པའི་གླུ་གཞས་ཕུན་སུམ་ཇེ་ཚོགས་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་དང་། གླུ་ལེན་འཁྲབ་སྟོན་ལ་དགའ་བའི་ན་ཆུང་བྱིས་པ་མང་པོར་རིག་རྩལ་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱེད་པ་བཅས་ལ་དམིགས་ནས། ཆེད་དུ་མེ་ཏོག་གངས་ལྷ་རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་འདི་སྔ་ཕྱིར་ཐེངས་གཉིས་ལ་བསྒྲུབས་ནས་རྒྱ་ཆེའི་ལྟ་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ་ལ། ལྷག་པར་དུ་བོད་འབྲེལ་ས་ཁུལ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སྡེ་ནས་དགའ་བསུ་དང་གདེངས་འཇོག་ཚད་ཆེན་པོ་ཐོབ།
དཔྱད་འདེམས་དགེ་རྒན་དག
       ད་ལོ་ཡང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་བོད་འབྲེལ་ཞིང་ཆེན་གསུམ་གྱི་རྫོང་ཉི་ཤུ་ལྷག་ནས། ན་ཆུང་གཞས་པ་གཞས་མ་བདུན་ཅུ་ལྷག་གི་གླུ་གཞས་བརྩམས་ཆོས་འབྱོར་བའི་ནང་ནས། ཚིག་དང་དབྱངས་གཉིས་ཀྱི་ཆ་ལ་བྱིས་པའི་གླུ་གཞས་ཀྱི་ཁྱད་ཆོས་དང་རིན་ཐང་ལྡན་ལ། སྐད་ངག་ཁྱད་དུ་འཕགས་པའི་གཞས་པ་གཞས་མ་ཆུང་ཆུང་སུམ་ཅུ་ཐམ་པ་བསལ་འདེམ་གྱིས“མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་གསུམ་པའི་འཁྲབ་སྟོན་པར་གདན་ཞུ་ཞུས་ཡོད།
ཉམས་འགྱུར་སྟོང་གིས་ཕྱུག་པའི་མཉམ་ལེན།
ཉམས་འགྱུར་སྟོང་གིས་ཕྱུག་པའི་མཉམ་ལེན།
       ད་ཐེངས་ནས་བཟུང་། “མེ་ཏོག་གངས་ལྷ”རྟགས་མའི་ན་ཆུང་བྱིས་པའི་གླུ་གཞས་འགྲན་ཚོགས་དེ་གླུ་གཞས་སྤྲོ་ཚོགས་སུ་བསྒྱུར་ཏེ། ན་ཆུང་གཞས་པ་གཞས་མ་དག་ལ་འགྲན་སྡུར་གྱི་རྣམ་པ་མ་ཡིན་པར་བྱིས་པ་ཚོའི་སྐད་ངག་དང་ཉམས་འགྱུར། སྤོབས་པ་སོགས་ལ་གཞིགས་ནས། “རྩེ་གྲའི་ན་ཆུང་གཞས་པ་བཅུ”དང“ཕུལ་བྱུང་ན་ཆུང་གཞས་པ་བཅུ”། “རེ་བའི་ན་ཆུང་གཞས་པ་བཅུ”བཅས་སུ་བགར་ནས། ཅུང་ཁྱབ་མཉམ་གྱི་བྱ་དགའི་བུམ་པ་དང་གཟི་བརྗིད་དཔང་ཡིག་སྤྲད་ཡོད།
གཡུར་ཟའི་འབྲས་བཟང་སྨིན། །བསྟོད་པའི་མཐེ་བོང་བསྒྲེངས། །
པར་ལེན་པ། ཚེ་དབང་རིག་འཛིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།