ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ཀོས་ནན་རྫོང་གིས་དུས་རབས་གསར་བ་ངག་ལས་གྱེར་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།
ཀོས་ནན་རྫོང་གིས་དུས་རབས་གསར་བ་ངག་ལས་གྱེར་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཀོས་ནན་སྲིད་དོན།
དུས་ཚོད།:2023-05-26 08:58:36
ཀློག་གྲངས།:

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པར་སྐུལ་འདེད། ལས་མི་ཡོངས་ཀྱིས་དཔེ་ཀློག་གི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་པ། དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། དཔེ་ཀློག་གིས་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱ་ཆེད། ཟླ5ཚེས23ཉིན་གྱི་ཕྱི་དྲོར་ཀོས་ནན་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་སྤྱིའི་བཟོ་ཚོགས། གུང་གཞོན་སྡེ་ཚོགས་རྫོང་ཨུ། རྫོང་སློབ་གསོ་ཅུའུ། རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྫོང་ཞི་མཐུན་ཐང་ཆེན་དུ་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།

ཡིད་ཀྱི་ཚོར་བ་ངག་གི་གདངས་ལ་བརྒྱུས་ཏེ་གྱེར་བཞིན་པ།

ཡིད་ཀྱི་ཚོར་བ་ངག་གི་གདངས་ལ་བརྒྱུས་ཏེ་གྱེར་བཞིན་པ།

སྙན་ཞིང་འཇེབས་པའི་རོལ་དབྱངས་དང་ལྷན་གྱེར་འདོན་འགྲན་བསྡུར་མགོ་བརྩམས་པ་དང་། རྫོང་ཡོངས་ཀྱི་ལས་རིགས་ཁག་དང་སློབ་གྲྭ་ཁག་ནས་ཡོང་བའི་བདམས་ཐོན་པ26མཐའ་མའི་འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་ཁྲོད་བདམས་ཐོན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱིས་འགྲན་བསྡུར་བྱས་ནས་རང་རང་གི་སྤྲོ་སེམས་མཚོན་པར་བྱས་ཤིང་། ཡུལ་དངོས་ལྟད་མོ་བར་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་བརྒྱའི་རྒྱང་སྐྱོད་དང་ལོ་བརྒྱ་ཕྲག་རིང་གི་བློ་སྟོབས་མངོན་པར་མཚོན་པར་བྱས་ནས་འགྲན་བསྡུར་ཡུལ་དངོས་ཀྱི་མང་ཚོགས་མང་པོ་ཞིག་གི་ཡིད་དབང་ཅིག་ཅར་ཏུ་བཀུག དཔྱད་འདེམས་ཨུ་ཡོན་ཚོ་ཆུང་གིས་སྐད་ཡིག་གི་མཚོན་ཚུལ་དང་། ཉམས་འགྱུར། ཀློག་རྩལ་སོགས་ཕྱོགས་བདུན་ཐད་ནས་འགྲན་ཞུགས་པར་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པ་དང་ཆུ་ཚོད་གཉིས་ལྷག་གི་འགྲན་བསྡུར་བྱས་པ་བརྒྱུད་མཐར་གཡང་ཅན་སྒྲོལ་མ་དང་། ལི་ཅིང་ཡའོ། བསམ་འགྲུབ་རྒྱལ། དབང་ལྡན་སྙིང་བོ་སོགས་བདམས་ཐོན་པ4ལ་གཞོན་ནུ་ལོ་ཆུང་བོད་སྐད་ཚོ་ཆུང་དང་། གཞོན་ནུ་ལོ་ཆུང་གི་སྤྱི་སྐད་ཚོགས་ཆུང་། དར་མའི་བོད་སྐད་ཚོགས་ཆུང་། དར་མའི་སྤྱི་སྐད་ཚོགས་ཆུང་བཅས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཕུར་སྲུང་རྡོ་རྗེ། དོན་འགྲུབ་ཚེ་རིང་། མགོན་སྐྱབས་རྒྱལ་སོགས་མི་བརྒྱད་ལ་ཨང་གཉིས་པ་ཐོབ། སྟག་རྩེ་འབུམ། ལེ་མིན་ཞན། དོན་འགྲུབ་ཆོས་དབྱངས་རྒྱ་མཚོ། ཕུ་ན་སོགས་མི14ལ་བྱ་དགའ་ཨང་གསུམ་པ་ཐོབ། སུམ་མདོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་སློབ་གསོ་ཅུའུ་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ།

རྒྱལ་ཁའི་རུ་དར་འཕྱར་པ།
ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱིས་རང་རྫོང་གི་ལས་བྱེད་ལས་བཟོ་བའི་བསམ་པའི་རིག་གནས་དང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་གཞོན་ནུ་ལོ་ཆུང་སློབ་མས་དཔེ་ཀློག་ལས་ཤེས་རབ་འཕེལ་བ་དང་། དཔེ་ཀློག་ལས་རིག་པ་འཕེལ་བ། དཔེ་ཀློག་ལས་ཀུན་སྤྱོད་བློ་སྦྱོང་བཅས་ཀྱི་ངོས་འཛིན་ལ་ཤུགས་སྣོན་བརྒྱག་པ་དང་ཆབས་ཅིག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་དཔེ་ཀློག་ལ་དགའ་བ་དང་།དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་མཁས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་ཕན་ནུས་ཐོན་ཡོད་དོ། །

རྒྱལ་ཁའི་རུ་དར་འཕྱར་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།