ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་བསྡུས།
གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་བསྡུས།
རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-30 10:19:31
ཀློག་གྲངས།:
ལུས་རྩལ་ནི་བདེ་ཐང་གི་སྔོན་འགྲོ་དང་སྦྱོང་བརྡར་ནི་བདེ་སྐྱིད་ཀྱི་གཞི་རྩ་ཡིན།
—གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་བསྡུས།
ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་དམིགས་ཡུལ་གཞིར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྱོན་ཡོངས་ནས་ཁྱབ་སྤེལ་སྒོས་སློབ་རའི་རིག་གནས་ཕུན་སུམ་ཚོགས་ཤིང་འཆམ་མཐུན་མཉམ་གནས་ཀྱི་སློབ་གྲྭའི་བྱེད་སྒོ་གོང་འཕེལ་དུ་གཏོང་དགོས། ཁྱད་པར་དུ་བདེ་ཐང་དང་སྤྱོད་བཟང་གི་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་མ་ཟད། མཛེས་སྡུག་ཡིད་འོང་དང་མཛའ་མཐུན་འབྲེལ་འདྲིས་ཀྱི་ཀྲུང་ཧྭའི་སྤྱོད་བཟང་སྔར་ལས་ལྷག་པར་ཁྱབ་སྤེལ་དུ་གཏོང་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན་ལ་བསྒྱུར་དུ་མེད་པའི་འགན་འཁྲི་གཙོ་བོ་ཞིག་ཀྱང་ཡིན་སྲིད།

2023ལོའི་ཟླ5ཚེས27ཉིན་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་དེ་སློབ་གྲྭའི་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་མཛད་སྒོའི་སྟེང་ཁུལ་དང་རྫོང་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་འབྲེལ་ཡོད་མགོ་ཁྲིད་དག་ཕེབས་ཏེ་འགྲན་ཚོགས་ཀྱི་མཛད་སྒོར་མཛུབ་སྟོན་དང་རྟེན་འབྲེལ་ཞུས།

རང་སློབ་གྲྭའི་སློབ་གཙོ་གཞོན་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་འགྲན་ཚོགས་ལ་མདོ་འཛིན་བྱས་ཤིང་སློབ་གཙོ་ཚེ་རིང་དོན་འགྲུབ་ལགས་ཀྱིས་གསུངས་བཤད་གནང་སྟེ་ལུས་རྩལ་བྱ་གཞག་གཙོས་སློབ་སྦྱོང་དང་སྒྲིག་ལམ། གཙང་སྦྲ་བཅས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པར་གསུངས། ཁོང་གིས་བསྟན་དོན་ལུས་རྩལ་སྦྱོང་བརྡར་ནི་གཟུགས་གཞི་བདེ་ཐང་འབྱུང་བའི་ཆེད་ཡིན་ལ། གཟུགས་གཞི་བདེ་ཐང་ནི་རེ་བ་མངོན་འགྱུར་བྱེད་པའི་ཕྱིར་ཡིན་གཤིས། ང་ཚོས་མ་བསྐུལ་དང་ལེན་གྱིས་ལུས་ཕུང་སྦྱོང་བརྡར་བྱས་ཏེ་ཀུན་སྤྱོད་ལེགས་པའི་མི་གཤིས་དང་བདེ་ཐང་ལྡན་པའི་མི་ཚེ། ད་དུང་ཡ་རབས་སྤྱོད་བཟང་དང་རྒན་བཀུར་ཆུང་བྱམས་ཀྱི་བླ་མེད་སྤྱོད་བཟང་དར་སྤེལ་དུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རྒྱུན་མཐུད་དང་རླབས་ཆེན་ཏང་གི་བཀའ་དྲིན་ནམ་ཡང་དྲན་དགོས་པ་སོགས་མདོར་ན་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་འདུན་གཙོར་བཟུང་ནས་སློབ་གྲྭའི་འདས་ཟིན་པར་སྤྱི་སྡོམ་དང་ད་ལྟ་བར་མཛུབ་སྟོན། མ་འོངས་པར་རེ་བཅོལ་གྱི་ཞལ་གདམས་ལྷུག་པོར་གྲོལ། ལྷག་པར་དུ་ཐེངས་འདིའི་འགྲན་ཚོགས་སྟེང་དགེ་སློབ་ཟུང་འབྲེལ་གྱིས་འཁྲབ་སྟོན་བྱས་པའི་རིག་རྩལ་ལེ་ཚན་སྐོར་ཞིག་གིས་གཟིགས་མོ་བ་ཡོངས་ཀྱི་སེམས་ལ་དགའ་སྤྲོའི་བག་ཆགས་ཟབ་མོ་ཞིག་བཞག་པ་འདིས་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་ཐུན་མོང་གི་བརྩོན་ལེན་ལས་གཡུར་དུ་ཟ་བའི་འབྲས་བུ་ཞིག་སྨིན་བཞིན་པ་རྟོགས་ཐུབ། དེ་དང་ཆབས་ཅིག་ཏུ་མཆོང་རྒྱུག་འཕེན་གསུམ་སོགས་མདོར་ན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་སོ་སོའི་འགྲན་ཞུགས་པ་འབོར་ཆེན་ཞིག་གི་གྲུབ་འབྲས་ཁྱད་དུ་འཕགས་ཤིང་བྱ་དགའི་ཨང་རིམ་འཐུས་ཚང་ལྡན་པས་རེབ་འདིའི་འགྲན་ཚོགས་ནི་གཞི་རྒྱ་ཆེ་ཞིང་བསྔགས་པར་འོས་པའི་བྱེད་སྒོ་ཞིག་ཏུ་གྱུར། གཞན་ཡང་ཕྱོགས་ཡོངས་ཀྱི་སྐུ་མགྲོན་དང་ཁྱིམ་བདག་དག་གིས་ལུས་རྩལ་འགྲན་ཚོགས་ལས་རིག་རྩལ་འཁྲབ་སྟོན་ལ་དགའ་མགུ་ཡི་རངས་བྱེད་བཞིན་རྗེས་ཕྱོགས་སུ་སློབ་མའི་དགའ་ཕྱོགས་མངོན་འགྱུར་བྱེད་པའི་བྱ་འགུལ་མང་དུ་སྤེལ་དགོས་པའི་འབོད་སྐུལ་གཏོང་བཞིན་མཆིས།

མཇུག་མཐར། ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་གཟི་བརྗིད་ལྡན་པའི་སྒོ་ནས་མགོ་བརྩམས་ཤིང་རྒྱལ་ཁའི་ངང་མཇུག་སྒྲིལ་བས་དགེ་སློབ་ཡོངས་ཀྱི་འདོད་བློ་བསྐངས་ཤིང་། རིག་རྩལ་སྣ་འཛོམས་ལ་འབད་འབུངས་བྱེད་འདོད་ཀྱི་སེམས་ཤུགས་དྲག་པོས་མ་འོངས་པའི་འཚོ་བར་སྤྲོ་སྣང་དང་མི་ཚེ་བདེ་ཐང་གི་བྱ་གཞག་ལ་བརྩོན་ལེན་བྱེད་དགོས་པའི་འདུ་ཤེས་བསྐྱེད་པར་བྱས་སོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།