ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་ལྷོ་ཁུལ་གྱིས2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”འགྲེམས་སྟོན་བྱེད་སྒོ་སྤེལ།
མཚོ་ལྷོ་ཁུལ་གྱིས2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”འགྲེམས་སྟོན་བྱེད་སྒོ་སྤེལ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-12 10:25:00
ཀློག་གྲངས།:
ཟླ6པའི་ཚེས9ཉིན། མཚོ་ལྷོ་ཁུལ་གྱི2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”འགྲེམས་སྟོན་བྱེད་སྒོ་དེ་ཁུལ་རིག་གནས་སྨྱན་སྦྱོར་ཐང་ཆེན་དུ་འཚོགས་ཤིང་། ཐེངས་འདིའི་བྱེད་སྒོར་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལེ་ཚན་བེད་སྤྱོད་གང་ལེགས་བྱས་ཏེ། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ལག་དེབ་བཀྲམ་པ་དང་འབྲེལ་ཡོད་པར་རིས་འགྲེམས་སྟོན་བྱེད་པ་བཅས་ཀྱི་རྣམ་པ་སྤྱད་དེ་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་སོགས་དྲིལ་བསྒྲགས་ཡག་པོ་བྱས། ཐེངས་འདིའི་བྱེད་སྒོར་མི་གྲངས400ལྷག་ཙམ་ཞུགས་པ་དང་། དྲིལ་བསྒྲགས་ལག་དེབ350ལྷག་ཙམ་བཀྲམས། དངོས་མིན་ཤུལ་བཞག་རིག་གནས་ཀྱི་འབྲེལ་ཡོད་འགྲེམས་པང40ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།

བྱེད་སྒོའི་སྟེང«མཚོ་ལྷོའི་རྒྱན་གོས»ཞེས་པའི་འཁྲབ་སྟོན་གྱིས་བྱེད་སྒོའི་འཁྲབ་ཡོལ་དངོས་སུ་ཕྱེ་བ་དང་། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ལས«སྒྲ་སྙན་བཀྲ་ཤིས་རྒྱལ་པོ» «ཨ་རྩེད»སོགས་ཀྱིས་ཡུལ་དངོས་ལྟད་མོ་བ་དང་ས་ཆ་གཞན་གྱི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག

ཉེ་བའི་ལོ་འགའི་རིང་ལ། གོང་རིམ་འབྲེལ་ཡོད་སྡེ་ཁག་དང་རང་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ལས་སྒྲུབ་པའི་ཐུན་མོང་གི་འབད་བརྩོན་འོག་ཁུལ་ཡོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་ཅུང་ལེགས་པོ་ཐོབ། མིག་སྔའི་བར་དུ། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས8དང་། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ4། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས19དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ16། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས61དང་། ཁུལ་རིམ་པའི་རྒྱུན་འཛིན་པ93། རྫོང་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས164དང་རྫོང་རིམ་པའི་རྒྱུན་འཛིན་པ140ཡོད་པས་ཁུལ་ཡོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རིམ་བཞིའི་མིང་ཐོའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་དངོས་མིན་ཤུལ་བཞག་རིག་གནས་ལ་ངོས་འཛིན་དང་། ཤུལ་བཞག་རིག་གནས་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་ཡག་པོ་བྱས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་དང་རིག་གནས་ཀྱི་གདེང་ཚོད་མཐོར་འདེགས། དངོས་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།