ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ཀྲུང་གོ་རྒྱལ་སྤྱིའི་འབྱུང་ཁམས་སྟོན་ཚོཊ་སྐབས་གསུམ་པ་མཚོ་སྔོན་དུ་འཚོགས།
ཀྲུང་གོ་རྒྱལ་སྤྱིའི་འབྱུང་ཁམས་སྟོན་ཚོཊ་སྐབས་གསུམ་པ་མཚོ་སྔོན་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-06-16 15:11:44
ཀློག་གྲངས།:
སྐབས་གསུམ་པའི་ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་འབྱུང་ཁམས་དངོས་མང་སྟོན་ཚོགས་མཚོ་སྔོན་ཟི་ལིང་དུ་འགོ་ཚུགས་པ་དང་ཚོགས་ཆེན་ཐོག“འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱས་ནས་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་དཔེ་མཚོན12ཀྱི་འགྲེམས་ཁུལ་བཙུགས་ཡོད་པ་རེད། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང“རྒྱུད་གཅིག་ལམ་གཅིག”ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི12དང་། འཇར་མན་དང་ཧྥ་རན་སི་སོགས་རྒྱལ་ཁབ20ཡི་ཁེ་ལས76དང་། རྒྱལ་ནང་གི་ཁེ་ལས200ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།

སྐབས་འདིའི་འབྱུང་ཁམས་དངོས་མང་སྟོན་ཚོགས་དེ་ཚོང་དོན་པུའུ་དང་། འབྱུང་ཁམས་ཁོར་ཡུག་པུའུ། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། འགྲེམས་ཁང་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བཙུགས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲེམས་ཁང་དང་བོད་རུམ་འགྲེམས་ཁང(2023ལོའི་མཚོ་སྔོན་གྱི་བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས)སོ་སོར་བཙུགས་པ་དང་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི3ཙམ་ཡོད་པ་རེད།

མཚོ་སྔོན་འགྲེམས་ཁུལ་གྱིས་འགུལ་རྣམ་གཟུགས་བརྙན་དང་། ཡུལ་རྣམ་དཔེ་གཞི། VRཉམས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་སྔོན་གྱིས་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་གཏོད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། འབྱུང་ཁམས་ཤེས་དཔལ་ལམ་ལུགས་འཚོལ་ཞིབ་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ས་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་སོགས་བྱས་པ་བརྒྱུད། འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལག་ལེན་དང་གྲུབ་འབྲས་མངོན་ཡོད།

ཧྲན་ཏུང་གིས་སྐུ་མགྲོན་ཞིང་ཆེན་གཙོ་བོའི་ཡིན་པའི་ངོས་ནས“ལྗང་མདོག་རིག་ནུས་སྐྲུན་པ”དང“འབྱུང་ཁམས་ཞིང་ལས”སོགས་རྣམ་པ་ཆེ་གྲས་ཁག་ལྔ་ཡི་ཐོག་ནས་རྨ་ཆུའི་ཟུར་གསུམ་གླིང་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་མངོན་ཡོད། ད་ཐེངས་ཀྱི་འབྱུང་ཁམས་དངོས་མང་སྟོན་ཚོགས་ཐོག རྒྱལ་ཡོངས་ཀྱི་འབྱུང་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་གྱི་དམིགས་བསལ་གདན་ཞུའི་དཔེ་མཚོན་འགྲེམས་ཁུལ་ནང་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང(ཀྲུང་གོའི་འབྱུང་ཁམས་རྫོང་དང་པོ)དང་། ཧྲའན་ཤིས་ཞིང་ཆེན་ཀྲ་ཧྲུའེ་རྫོང་གིས་མོག་རོའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་ར་སླར་གསོ། ཧའེ་ནན་ཞིང་ཆེན་ཝུའུ་ཀྲི་ཧྲན་གྲོང་ཁྱེར་གྱིས་ཐོན་ལས་འབྱུང་ཁམས་ཅན་དང་འབྱུང་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་སོགས་མཚོན་བྱེད་རང་བཞིན་གྱི་དཔེ་གཞི12འགྲེམས་སྟོན་བྱས་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་ད་དུང་གླེང་སྟེགས་ཁག་བཞི་གཉེར་རྒྱུ་ཡིན་པ་སྟེ།“འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱས་ནས་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས”ཞེས་པའི་གཙོ་དོན་གླེང་སྟེགས་དང་། 2023ལའི་འབྱུང་ཁམས་ཤེས་དཔལ་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གླེང་སྟེགས། དྲ་ཐོག་ཚོང་དོན་ལྗང་མདོག་འཕེལ་རྒྱས་ཚོགས་ཆེན། ཚན་རྩལ་གསར་གཏོད་ཀྱིས་འབྱུང་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་གླེང་སྟེགས་བཅས་ཡིན་པ་རེད། འགྲེམས་ཚོགས་རིང་ད་དུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་གཙོ་བོའི་ཉིན་མོའི་ཆེད་དོན་བྱེད་སྒོ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་གཙོ་བོའི་ཉིན་མོའི་ཆེད་དོན་བྱེད་སྒོ་དང་དེ་བཞིན་མུ་འབྲེལ་བྱེད་སྒོ་དང་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད། གཞན་ཡང་སྐབས་འདིའི་འགྲེམས་ཚོགས་ནང་ད་དུང་ཐེངས་དང་པོར་ཁྱོན་ཡོངས་ནས་འཛམ་གླིང་གི་ས་གདན་རིག་གནས་ངོ་སྤྲོད་བྱས་ནས་ས་གདན་དེ་རིག་གནས་ཐོན་རྫས་དང་འབྱུང་ཁམས་ཐོན་རྫས་སུ་བརྩིས་ནས་ཇུས་འགོད་འགྲེམས་སྟོན་ཞིབ་ཚགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།