ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > བོད་ཤོམ་གྱི་འགྲན་བསྡུར་དང་དངོས་མིན་རྒྱན་གོས་རིག་གནས་དུས་སྟོན།
བོད་ཤོམ་གྱི་འགྲན་བསྡུར་དང་དངོས་མིན་རྒྱན་གོས་རིག་གནས་དུས་སྟོན།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-06-30 08:59:27
ཀློག་གྲངས།:
སྤྱི་ཚེས27ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་བོད་ཀྱི་ཤོམ་པའི་འགྲན་བསྡུར་དང་དངོས་མི་རྒྱན་གོས་རིག་གནས་དུས་ཆེན་སྐབས་ལྔ་པ་དེ་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཨ་མྱེས་གོང་སྔོན་ཕྱུགས་རར་སྤེལ་ཡོད།

བོད་ཀྱི་ཤོམ་པའི་འགྲན་བསྡུར་དང་དངོས་མི་རྒྱན་གོས་རིག་གནས་དུས་ཆེན་སྐབས་ལྔ་པས་འཛམ་གླིང་ལ་ངོ་མཚར་ལྟ་ན་སྡུག་པའི་མི་རིགས་ཀྱི་རིག་གནས་སྣང་བརྙན་ཞིག་བཤམས་ཡོད།

བོད་ཀྱི་ཤོམ་ནི་ཀྲུང་གོའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་རྒྱུན་འཛིན་གསར་གཏོད་རྟེན་གཞི་ཞིག་དང་། མི་རིགས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ཀྱི་རྒྱུན་འཛིན་པ་དང་། རིག་གནས་གསར་གཏོད་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གསར་གཏོད་པ། མི་རིགས་ཀྱི་གྱོན་ཆས་དང་རྒྱན་ཆ་ཐོན་ལས་ཅན་གྱི་གསར་སྤེལ་དང་རྒྱལ་སྤྱི་ཅན་གྱི་སྤུས་རྟགས་བཅས་མཉམ་འདྲེས་བྱེད་མཁན་ཞིག གཞན་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་འཛམ་གླིང་གི་དར་སྲོལ་དང་འབྲེལ་མཐུད་བྱེད་པའི་གར་སྟེགས་ཤིག མི་རིགས་ཀྱི་རྒྱན་གོས་ཐོན་ལས་སྦྲེལ་ཐག་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་པའི་ཕྱོགས་བསྡུས་ཀྱི་རྣམ་པ་ཞིག་བཅས་ཡིན།

བསང་ཆུ་རྫོང་ནི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་མེས་རྒྱལ་ནང་ས་དང་ཐག་ཉེ་ཤོས་ཀྱི་གངས་ལྗོངས་ས་མཐོ་ཡིན། དེ་གར་བོད་རིགས་ཀྱི་རིག་གནས་དང་ཞིང་ལས་རིག་གནས། དམངས་སྲོལ་རིག་གནས། རྩྭ་ཐང་རིག་གནས། ནང་བསྟན་རིག་གནས་བཅས་མཉམ་དུ་འདྲེས་ཏེ་བརྗིད་ཉམས་ཆེ་བའི་རྣམ་པ་ཞིག་ཆགས་ཡོད།

བསང་ཆུ་ལ་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན། སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་བླ་བྲང་བཀྲ་ཤིས་འཁྱིལ་རྫོང་འདིའི་ནུབ་རྒྱུད་དུ་ཆགས་ཤིང་། སྤྱི་ལོ1709ལོར་ཕྱག་བཏབ་པ་དང་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་རྒྱལ་ཡོངས་ཀྱི་གཙོ་གནད་གནའ་རྫས་སྲུང་སྐྱོང་ཚན་པ་ཡིན།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཤོམ་པ49དང་གདན་ཞུའི་ཤོམ་པ16བཅས་ཁྱོན་ཤོམ་པ65ཞུགས་ཡོད། ལུས་ལ་མི་རིགས་དང་ས་གནས་ཀྱི་གཟབ་མཆོར་སྤྲས་ཤིང་། བཞིན་ལས་འཛུམ་མདངས་འཕྱུར་ཞིང་རྫིག་ཉམས་ལྷག་ཏུ་དོད། ཤོམ་པ་ཚོའི་བརྗིད་པའི་གོམ་དང་ལྡེམ་པའི་འགྲོས། དྲེག་པའི་ཚུལ་དང་སྒེག་པའི་ལུས། དཔའ་བའི་གདེངས་དང་བྱམས་པའི་ཉམས་ཀྱིས་ཁྲོམ་ཆེན་ཟིལ་གྱིས་མནན་པས་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་པ་དང་། འགྲན་ཞུགས་པ་མི22ལ་རེ་རེ་བཞིན་ཨང་རིམ་ལྟར་བྱ་དགའ་སྤྲད་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།