སྟག་རིག་རྒན་བཀུར་བྱེད་སྒོ་སྤེལ་ནས་ལོ་འཁོར20ལོན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-26 19:54:29 ཀློག་གྲངས།:
སྟག་རིག་རྒན་བཀུར་བྱེད་སྒོ་སྤེལ་ནས་ལོ་འཁོར20ལོན་པའི་བཞུགས་མོལ་ཚོགས་འདུ་ཁྲི་ཀ་རྫོང་དུ་བསྡུས་པ།
 
       དེ་ཡང་འབྲས་ལྡན་དུས་ཀྱི་ཁྲི་ཀ་གསེར་ལྗོངས་རིང་མོ་ཤིང་ཏོག་སྣ་ཚོགས་ཀྱི་ཁུར་གྱིས་དུད་ཅིང་། ག་ས་ག་རུ་མོས་པ་ཚིམ་པའི་དགོད་སྒྲ་ལྡིར་བ་དང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐའ་རུ་འཁྱོལ་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ནན་ཞིབ་བྱེད་པའི་དུས་བཟང་འདི་ལ། སྟག་རིག་སྡེ་བས་སྒྲུབ་པའི“རྒན་བཀུར་བྱེད་སྒོ་སྤེལ་ནས་ལོ་འཁོར20ལོན་པའི་བྱ་བའི་སྤྱི་བསྡོམས་ཀྱི་བཞུགས་མོལ་ཚོགས་འདུ”ཁྲི་ཀ་རྫོང་མཁར་གྱི་སིལ་ཏོག་གླིང་ག་རུ་བསྡུས་ཤིང་། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་སྟག་རིག་སྡེ་བའི་རུ་ཁག་སོ་སོ་དང་། ཐིས་པ་དགོན་པ། རྙེ་དགོན་པ་བཅས་ཀྱི་སྐུ་ཚབ་མི་སྣ་བཅས་དང་། ད་དུང་ཁྲོ་རྒྱལ་སྡེ་བ་དང་། འགག་བཟའ། སྒྲོམ། དམེ་ཀྱཱ་སྡེ་བ་བཅས་ཀྱི་སྡེ་དཔོན་རྣམས་དང་། སྟག་རིག་སྡེ་བའི་ལས་བྱེད་པའི་སྐུ་ཚབ་བཅས་ཁྱོན་བསྡོམས་མི་སྣ120ལྷག་ཚོགས་འདུ་ལ་ཞུགས་པ་རེད།
       བཞུགས་མོལ་ཚོགས་འདུ་དེ་ནི། སྟག་རིག་སྡེ་བའི་ལས་བྱེད་པ་དག་གིས་གནའ་བོའི་སྲོལ་རྒྱུན་བཟང་པོའི་རྒྱུན་འཛིན་པ་དང་། དེང་གི་རིག་གནས་གསར་པའི་བཅུད་བསྡུས་ཏེ། དེང་རབས་ཀྱི་ཁྱད་ཆོས་གསལ་བའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་སླད་དུ། ལོ་ངོ་ཉི་ཤུའི་སྔོན་ནས་རྒན་བཀུར་བྱེད་སྒོ་གཙོ་བྱས་པའི་བྱ་བ་ཆེ་ཕྲ་ཅི་རིགས་བསྒྲུབས་པ་ལ་སྤྱི་བསྡོམས་བྱེད་པ་དང་། མ་འོངས་པའི་བྱ་བར་འཆར་ཇུས་ཡག་པོ་བཟོ་བ་ལ་དམིགས་ཏེ་སྤེལ་བ་རེད་ལ། ཚོགས་འདུ་དེ་ལ་རིམ་པ་གསུམ་དུ་ཕྱེས་ཏེ། རིམ་པ་དང་པོ་ནི་སྡེ་བའི་ལས་བྱེད་པ་རྒན་པ་རྣམ་ཐར་རྒྱལ་གྱིས་མགོ་འཛིན་བྱས་ཤིང་། འབྲེལ་ཡོད་མི་སྣ་དག་གིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། སྡེ་བའི་ལས་བྱེད་པ་ལྕགས་ཐར་རྒྱལ་གྱིས་ལོ་ངོ༢༠རིང་གི་རྒན་བཀུར་བྱ་བའི་སྤྱི་བསྡོམས་ཀྱི་སྙན་ཞུ་ཕུལ་བ་དང་། རིམ་པ་གཉིས་པ་ནི་ཆེད་ཞུས་ཆེད་མཁས་པ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་མགོན་པོ་ཚེ་རིང་གིས་མགོ་འཛིན་གནང་ཞིང་། རིམ་པ་འདི་ནི་གཙོ་བོ་སྟག་རིག་སྡེ་བའི་མ་འོངས་པའི་འཕེལ་རྒྱས་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་གི་རིམ་པ་ཡིན་པས། སྡེ་བ་དེའི་ལས་བྱེད་པའི་སྐུ་ཚབ་དག་གིས་གཏམ་གླེང་སྤེལ་བ་སྟེ། བཀྲ་ཤིས་ཚེ་རིང་གིས་ཐོན་ལས་གསར་སྤེལ་གྱི་སྐོར་དང་། རྟ་མགྲིན་རྒྱལ་གྱིས་ཡུལ་སྲོལ་རིག་གནས་ཀྱི་སྐོར་དང་། ནོར་བུ་ཚེ་རིང་གིས་ཆོས་ལུགས་རིག་གནས་སྐོར་དང་། གནམ་ལྷ་ཚེ་རིང་གིས་མི་རིགས་མཐུན་སྒྲིལ་སྐོར་དང་། ལྕགས་ཐར་རྒྱལ་གྱིས་སློབ་གསོ་འཕེལ་རྒྱས་སྐོར་གྱི་གཏམ་བཤད་སྤེལ་བའི་རྗེས་སུ། ཆེད་ཞུས་མཁས་པས་གདེང་འཇོག་མཐོན་པོ་གནངས་ཤིང་། རིམ་པ་གསུམ་པ་ནི་རང་མོས་ཀྱི་བྱ་འགུལ་གྱི་རིམ་པ་སྟེ། དེ་རུ་སྡེ་བའི་དམངས་སྲོལ་རིག་གནས་ཀྱི་འཁྲབ་སྟོན་སྤེལ་བ་རེད།
       སྟག་རིག་སྡེ་བ་ནི་ཁྲི་ཀ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་པའི་འཇམ་སྡེ་ཞིག་ཡིན་ཞིང་། སྡེ་བ་དེ་ལ་དགོན་པ་གཉིས་དང་། ཤོག་ཀ་དྲུག རུ་ཁག་གསུམ་ཡོད་ཅིང་། སྡེ་བ་དེ་ནི་ཁྲི་ཀའི་འཇམ་པའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྡེ་བ་ཞིག་རེད་ལ། མི་རིགས་མཐུན་སྒྲིལ་དང་། རིག་གནས་སློབ་གསོ། ཐོན་ལས་གསར་སྤེལ་བཅས་ལའང་གྲུབ་འབྲས་ཅུང་བཟང་བའི་སྡེ་བ་ཞིག་ཡིན་པས། ལུང་པ་གོང་འོག་གི་སྡེ་བ་སོ་སོ་ལ་ཡར་སྐུལ་དང་ཤན་ཤུགས་མངོན་གསལ་བ་བསྐྱེད་དང་སྐྱེད་མུས་སུ་མཆིས། སྡེ་བ་དེའི་ལས་བྱེད་པའི་གྲས་སུ། ཞིབ་འཇུག་པ་དང་། དགེ་རྒན་ཆེན་མོ། ཁྲིམས་འཛིན་པ་དང་། གསར་འགྱུར་བ། རྩོམ་པ་པོ། གཞུང་ཞབས་པ། སྨན་པ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བཅས་ལས་རིགས་སྣ་ཚོགས་ཡོད་པ་གང་ཡིན་ཡང་། སྡེ་བའི་འདས་པའི་ལོ་རྒྱུས་དང་། ད་ལྟའི་འཕེལ་རྒྱས། མ་འོངས་པའི་འདུན་མ་བཅས་ལ་ནམ་ཡང་ཐུགས་འཁུར་ལྷོད་པ་མེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡང་དག་དང་མཐུན་པར། ནམ་ཀུན་རྒྱལ་ཁབ་དང་། ཕ་ཡུལ། ཡུལ་མི་རྣམས་ལ་དགའ་ཞེན་ཟབ་མོ་བཅིངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གུས་ཞབས་རིག་གནས་ཁྱབ་སྤེལ་གཏོང་བ་ལ་འབད་ཅིང་། ནུས་པ་གང་ཡོད་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཞིང་གྲོང་གསར་པ་འཛུགས་སྐྲུན་ལ་ཤུགས་ཕུལ་དང་འབུལ་བཞིན་དུ་འདུག་གོ །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།