ཐུན་ཏེ་རྫོང་གིས་བོད་འགྱིག་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2023-09-18 18:39:28
ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་། སྤྲོ་སྣང་དང་དགའ་སྐྱིད། སྤྲོ་སེམས་འཁོལ་བ། འཆམ་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་ཏེ། བོད་འགྱིག་སྲུང་སྐྱོབ་དང་རྒྱུན་འཛིན། ཁྱབ་གདལ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བོད་འགྱིག་སློབ་སྦྱོང་གི་དགོས་མཁོ་སྐོང་བ། བོད་འགྱིག་ཁྱབ་སྤེལ་དང་རྒྱ་ཆེའི་བོད་འགྱིག་དགའ་མོས་ཅན་ལ་སློབ་སྦྱོང་བརྗེ་རེས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཆེད། ཉེ་ཆར། མཛེས་སྡུག་ལྡན་པའི་ཐུན་ཏེ་རྫོང་རྐ་རྒན་རྩྭ་ཐང་དུ་བོད་འགྱིག་འགྲན་སྡུར་ཐོག་མ་སྤེལ།

བོད་འགྱིག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། བོད་འགྱིག་གི་ལོ་རྒྱུས་རྒྱུན་རིང་ཞིང་། དེ་ནི་ཚན་རིག་རང་བཞིན་ལྡན་པའི་རྩེད་མོའི་རིགས་ཤིག་ཡིན་པ་རེད། དེ་ལ་བརྟེན་ནས་མིའི་བློ་རིག་དང་བསམ་གཞིགས། ཀླད་པ་བཅས་ལ་སྦྱོང་བརྡར་བྱེད་ཐུབ། དེར་མ་ཟད། བོད་འགྱིག་ལ་ཕུན་སུམ་ཚོགས་པའི་འདེད་སྟངས་མང་པོ་ཞིག་ཡོད་ལ། རོང་འབྲོག་ས་ཁུལ་དུ་ཧ་ཅང་དར་ཁྱབ་དུ་ཕྱིན་ཡོད། དེར་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་མང་ཚོགས་རང་བཞིན་གྱི་བློ་རིག་འགྲན་སྡུར་གྱི་རོལ་རྩེད་རིགས་ཤིག་ཡིན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད་བསྡོམས་པས་འགྱིག་པ30ལྷག་ཞུགས་ཏེ་འགྲན་སྡུར་བྱས་ཤིང་། འགྲན་སྡུར་ཁྲོད་མི་སྒེར་གྱི་གྲུབ་འབྲས་ཕུལ་དུ་བྱུང་བའི་འགྲན་ཞུགས་པ་དྲུག་ལ་གཟེངས་རྟགས་སྤྲད།

ལས་རིམ་རྗེས་མར། ཁོ་ཚོས་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་བོད་འགྱིག་དང་ཐུན་ཏེ་རྫོང་གི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཀྱི་བོད་འགྱིག་གི་བརྒྱུད་སྤེལ་ནུས་ཤུགས་དང་ཤུགས་རྐྱེན་ཐེབས་ཚད་རྒྱ་ཆེར་གཏོང་བ་དང་། མགྱོགས་མྱུར་ངང་བོད་འགྱིག་གི་འཕེལ་རྒྱས་དང་སྤྱི་ཚོགས་མཉམ་ཤུགས་ཆགས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།