ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅། །གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཚོ་བྱང་ཁུལ་དུ་འཚོགས།
༄༅། །གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཚོ་བྱང་ཁུལ་དུ་འཚོགས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-18 18:51:21
ཀློག་གྲངས།:
༄༅། །ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཚོ་བྱང་ཁུལ་དུ་འཚོགས།
2023ལོའི་ཟླ9པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དེ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས།

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་སྒྲོག་པུའི་པུ་ཀྲང་གཡུ་སྒྲོན་མཚོ། ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་དེ་སྔའི་ཀྲུའུ་རིན་ཀོང་ཆི་ཏེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུན་རིན་གཞོན་པ་སུའུ་བདུན་ཅུ། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝུའུ་ཧྲུའུ་རུང་། ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རིན་ཚེ་རིང་འཚོ་བཅས་མགོ་ཁྲིད་བློ་མཐུན་མགོ་རྩོམ་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གསོ་སྦྱོང་མཛད་སྒོར་གཙོ་སྐྱོང་གནང་།

ཐེངས་འདིའི་གསོ་སྦྱོང་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་བོར་བཟུང་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དང་ཁྱབ་སྒྲོག་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ་དང་། ཆབ་སྲིད་ཀྱི་ངེས་གནས་ཇེ་མཐོར་གཏོང་བ་དང་ལོ་ཙཱའི་བྱང་ཚད་མཐོར་འདེགས་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས་སོགས་ལ་ལོ་ཙཱའི་ནུས་པ་འདོན་དགོས་པའི་བརྗོད་གཞི་གཙོར་བཟུང་ནས་སྒྲུབ་པ་ཞིག་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་བོད་ཡིག་གི་གཞུང་ཡིག་ལོ་ཙཱའི་རྐང་འཛིན་ལས་བྱེད་མི་སྣ70དང་། སོག་ཡིག་གི་གཞུང་ཡིག་ལོ་ཙཱའི་རྐང་འཛིན་ལས་བྱེད་མི་སྣ30བཅས་ཞུགས་ཡོད། གསོ་སྦྱོང་དུས་ཡུན་ཉིན་ལྔའི་རིང་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་མི་རིགས་དཔེ་སྐྲུན་ཁང་། ནང་སོག་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཡོན་ཚད་མཐོ་བའི་ཆེད་མཁས་པ12ལྷག་གདན་འདྲེན་ཞུས་ནས་གཞུང་ཡིག་རྩོམ་འབྲི་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གཞུང་ཡིག་ལོ་ཙཱ་བྱེད་སྐབས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནས་སློབ་ཁྲིད་གནང་རྒྱུ་རེད།

གསོ་སྦྱོང་འཛིན་གྲྭའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།