ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོ་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2023-09-22 18:07:45 ཀློག་གྲངས།:
       2023ལོའི་ཟླ9པའི་ཚེས22ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཇུག་སྒྲིལ་བའི་མཛད་སྒོ་དེ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས།
       ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རེན་ཚེ་རིང་འཚོ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་རིང་འབུམ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་རིན་ཆེན་ཚེ་རིང་། ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཁྲུའུ་ཀྲང་གཞོན་པ་འབྲུག་བྱམས་ཚེ་རིང་བཅས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས།
       མཇུག་སྒྲིལ་མཛད་སྒོའི་སྟེང་། རང་ཞིང་གི་རང་སྐྱོང་ཁུལ་སོ་སོ་ནས་ཡོང་བའི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱར་དོན་གཉེར་བྱེད་པའི་སློབ་མའི་འཐུས་ཚབ་ཀྱིས་གསོ་སྦྱོང་ཉིན་ལྔའི་རིང་། གཞུང་ཡིག་ལོ་ཙཱའི་ཐབས་ལམ་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱས་པའི་རང་ཉིད་ཀྱི་མྱོང་ཚོར་དང་ཐོབ་བྱ་ལྷུག་པོར་བརྗོད་པ་མ་ཟད། ཞིང་ཆེན་ཕྱི་ནང་ནས་གདན་ཞུ་བྱས་པའི་དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས།
       མཇུག་མཐར། ལོ་ཙཱའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ཡོངས་ལ་སློབ་མཇུག་སྒྲིལ་བའི་ལག་ཁྱེར་བསྩལ་ཞིང་། མཇུག་སྒྲིལ་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་རྫོགས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།