ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > གཡང་འབའ་འབའ་སློབ་གསོའི་ཐོན་རྫས་ཀྱི་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས།
གཡང་འབའ་འབའ་སློབ་གསོའི་ཐོན་རྫས་ཀྱི་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-10-20 08:15:19
ཀློག་གྲངས།:

ཉེ་བའི་ལོ་འགའི་རིང་། ཏང་དང་སྲིད་གཞུང་གི་ཤུགས་ཆེན་པོས་རྒྱབ་སྐྱོར་འོག་ན་གཞོན་རེ་བ་ཅན་མང་པོ་ཞིག་བསྐྱེད་སྲིང་བྱས་ཏེ་ལས་གཏོད་འཕེལ་རྒྱས་ཐད་སྒུལ་ཤུགས་བསྣན། ཐུན་ཏེ་རྫོང་གི་ན་གཞོན་ཁེ་ལས་པ་གསེར་རྡོ་རྒྱལ་གྱིས་གཉེར་བཞིན་པའི་གཡང་འབའ་འབའ་དྲ་རྒྱའི་ཚན་རྩལ་རིག་གནས་ཐོན་ལས་ཞབས་ཞུ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་སྤུས་ལེགས་ཀྱི་མཉམ་འབྲེལ་དྲ་རྒྱའི་ཞབས་ཞུ་སྟེགས་བུ་བེད་སྤྱད་དེ་བོད་ཁུལ་གྱི་སློབ་གསོ་དང་ཆུང་འབྲིང་སློབ་གྲྭའི་བུ་དང་བུ་མོར་སྤུས་ལེགས་སློབ་གསོའི་ཞབས་ཞུ་སྒྲུབ། ཟླ10བའི་ཚེས15ཉིན། གཡང་འབའ་འབའ་སློབ་གསོའི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་གྲོང་ཁྱེར་སོ་ཧྥོས་ཐཱིག་གསོལ་མགྲོན་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས།

ཐེངས་འདིའི་ཚོགས་འདུའི་ཐོག་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཟུར་པའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་རྒྱ་ཡེ་བཀྲ་བྷོ་དང་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་གླིང་གི་གླིང་གཙོ་གཅོད་པ་དོན་གྲུབ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཀྲ་ཤིས་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་པ་སྟོབས་ལྡན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དོན་གྲུབ་ཚེ་རིང་སོགས་ཆེད་མཁས་པ་གྲགས་ཅན་དག་ཆེད་དུ་གདན་ཞུ་བྱས་ནས་གཡང་འབའ་འབའ་སློབ་གསོའི་ཐོན་རྫས་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་སློབ་གསོ་སྐྱེད་སྲིང་གི་རྣམ་པར་བགྲོ་གླེང་མཉམ་སྤྱོད་བྱས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་སྟེང་གཡང་འབའ་འབའ་དྲ་རྒྱའི་ཚན་རྩལ་འགན་ལེན་སྤྱི་གཉེར་ཁང་གི་འགན་འཛིན་པ་གསེར་རྡོ་རྒྱལ་དང་སྤྱི་གཉེར་བ་འགུ་གྲགས་རྡོ་རྗེ་རྒྱལ་གཉིས་ཀྱིས་གཡང་འབའ་འབའ་སློབ་གསོ་ཐོན་རྫས་ཀྱི་ཞིབ་འཇུག་གསར་གཏོད་གི་འདུ་ཤེས་དང་སྤྱི་གཉེར་ཁང་གི་གསར་གཏོད་ཐོན་རྫས་སོ་སོར་ངོ་སྤྲོད་བྱས།

རྒྱུས་ལོན་པ་ལྟར་ན། གཡང་འབའ་འབའ་དྲ་རྒྱའི་ཚན་རྩལ་རིག་གནས་ཐོན་ལས་ཞབས་ཞུ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི་དྲ་སྦྲེལ་རིག་གནས་སློབ་གསོའི་ཞབས་ཞུའི་ཐོན་ལས་ཀྱི་སྤྱི་གཉེར་ཁང་ཞིག་ཡིན་པ་དང་། སྤྱི་གཉེར་ཁང2018ལོར་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་སྤུས་ལེགས་དྲ་སྦྲེལ་སྟེགས་བུའི་ཞབས་ཞུ་དམིགས་ཡུལ་དུ་བཟུང་ནས་བོད་ཁུལ་གྱི་སློབ་གསོར་ཞབས་ཞུ་བྱེད་བཞིན་ཡོད་ལ། སྤྱི་གཉེར་ཁང་གིས་གློག་རྡུལ་ཆ་འཕྲིན་དང་བརྡ་ཁྱབ་སོགས་ཀྱི་ལས་སྒོ་གཉེར་མྱོང་ཡོད་པ་རེད། ཐེངས་འདིའི་གཡང་འབའ་འབའ་དྲ་རྒྱའི་སློབ་ཁྲིད་སྟེགས་བུ་ནི་སྔོན་ཐོན་དྲ་སྦྲེལ་གྱི་གྲངས་གཞི་ཆེན་མོར་བརྟེན་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་དེང་རབས་ཡིག་གཟུགས་སློབ་གསོའི་སློབ་ཁྲིད་མཉེན་ཆས་མ་ལག་ཅིག་ཡིན་ལ། བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང་གི་ཚན་ཁག་ལ་དམིགས་ནས་ཇུས་འགོད་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་རིགས་སློབ་གསོའི་བློ་གྲོས་ཞིག་ཡིན། དེར་མ་ཟད་སློབ་སྦྱོང་དང་ཚད་ལེན། དཔྱད་འཇོག་བཅས་གཞི་གཅིག་ཅན་གྱི་རྒྱ་བོད་ཡིག་གཟུགས་ཀྱི་སློབ་ཁྲིད་མ་ལག་ཞིག་ཡིན་པ་རེད། ཐོན་རྫས་འདིས་ཕུན་སུམ་ཚོགས་པའི་སློབ་གསོ་ཞིབ་འཇུག་གི་ཉམས་མྱོང་དང་ནང་དོན་ཕུན་སུམ་ཚོགས་པའི་གསར་གཏོད་ཀྱི་ནུས་པར་བརྟེན་ནས་སློབ་མར་གྲུབ་ཚུལ་རང་བཞིན་དང་མ་ལག་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་སློབ་ཁྲིད་ཀྱི་ཐོན་ཁུངས་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།