ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «ཟླ་ཟེར»དང«སྐལ་བཟང་མེ་ཏོག»གི་བྱ་དགའ་སྟེར་བའི་ཚོགས་འདུ་འཚོགས།
«ཟླ་ཟེར»དང«སྐལ་བཟང་མེ་ཏོག»གི་བྱ་དགའ་སྟེར་བའི་ཚོགས་འདུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2023-12-21 09:30:28
ཀློག་གྲངས།:
ཟླ12པའི་ཚེས20ཉིན། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས། «ཟླ་ཟེར»རྩོམ་སྒྲིག་ཁང་དང«སྐལ་བཟང་མེ་ཏོག»རྩོམ་སྒྲིག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི2023ལོའི་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་སྟེར་བའི་ཚོགས་འདུ་འཚོགས།
ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཀྲའོ་ལིན་ཧུང་དང་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང«ཟླ་ཟེར»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་། «ཟླ་ཟེར»རྩོམ་སྒྲིག་ཁང་གི་ལག་བསྟར་གཙོ་སྒྲིག་པ་ཆས་པ་རྟ་མགྲིན་ཚེ་རིང་། ད་དུང་རྩོམ་རིག་ཆེད་མཁས་པ་དང་དམངས་སྲོལ་ཞིབ་འཇུག་པ། ས་གནས་སོ་སོའི་རྒྱ་བོད་གཉིས་ཀྱི་རྩོམ་པ་པོ་སོགས་མི80ལྷག་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ་ཀྲའོ་ལིན་ཧུང་གིས་རྒྱ་ཆེ་བའི་རྩོམ་པ་པོ་ཚོས་རང་རང་གི་རྣམ་དཔྱོད་ཀྱི་ཟེགས་མ་རྩལ་དུ་སྤྲུགས་ནས་སྤྱི་ཚོགས་འཚོ་བར་ཟབ་ཞུགས་དང་གཞི་རིམ་སོགས་སུ་སོང་ནས་མང་ཚོགས་ཀྱི་སེམས་འདུན་དང་བདེ་སྡུག་ཡི་གེར་ཕབ་ནས་འཚོ་བའི་སྣང་བརྙན་ཇི་བཞིན་མཚོན་ནུས་པའི་རྩོམ་པ་པོ་གསོ་སྐྱོང་དང་དེ་དག་གིས་འདུ་སྟོབས་ཆེ་བ་དང་འགུག་ཤུགས་ཅན་གྱི་བརྩམས་ཆོས་སྤེལ་དགོས་པའི་རེ་བ་ནན་མོ་བཏོན།
ཚོགས་འདུར་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་དང་དཔྱད་རྩོམ། ཕུལ་བྱུང་རྩོམ་སྒྲིག་པ་བཅས་ལ«ཟླ་ཟེར»གྱི་མི10དང«སྐལ་བཟང་མེ་ཏོག»གི་མི10བཅས་ཁྱོན་བསྡོམས་མི20ལ་རིམ་པ་བཞིན་བྱ་དགའ་བྱིན།
ཚོགས་ཐོག་ཏུ་ད་དུང་རྩོམ་པ་པོ་གང་མང་ཞིག་གིས«ཟླ་ཟེར»དང«སྐལ་བཟང་མེ་ཏོག»དུས་དེབ་གཉིས་ཀྱི་འདས་པའི་གྲུབ་འབྲས་དང་མ་འོངས་བའི་འཕེལ་རྒྱས་ཀྱི་ཕྱོགས་ནས་བགྲོ་གླེང་དང་བསམ་ཚུལ་བསྡུ་ལེན་བྱས།
1982ལོར་གསར་དུ་བཏོན་པའི«ཟླ་ཟེར»དུས་དེབ་ཀྱིས་ད་བར་དུ“ཞབས་ཞུ་གཉིས”ཀྱི་ཁ་ཕྱོགས་པ་དང“མཉམ་བཞད་འགྲན་གླེང”གི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ལོ་ངོ40ལྷག་གི་གྲུབ་འབྲས་ཀྱིས2008ལོར་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ་པ་དང་། 2015ལོར་ཀན་སུའུ་ཞིང་ཆེན་རིག་རྩལ་དུས་དེབ་ཀྱི་ཞིབ་བཤེར་ལྟ་ཀློག་བྱེད་སྒོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2017ལོར་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པར་འོས་སྦྱོར་བྱས་པའི་ཕུལ་བྱུང་དུས་དེབ་བརྒྱའི་ནང་ཚུད་པ་པ་དང་། 2019ལོའི་ཟླ8པར་ཀྲུང་གོའི་དུས་དེབ་མཐུན་ཚོགས་ཀྱིས་གཉེར་བའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི”དུས་དེབ་སྤུས་ལེགས་ཀྱི་འགྲེམས་སྟོན་དུ་ཡང་བདམས། །
ཚོགས་ཞུགས་པའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།