ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་བསྡུས་པ།
རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་བསྡུས་པ།
རྩོམ་པ་པོ།:ལྷ་མོ་རྒྱལ།
ཡོང་ཁུངས།:«རྨ་ལྷོ་བོད་ཡིག་ཚགས་པར»
དུས་ཚོད།:2024-05-11 08:45:03
ཀློག་གྲངས།:
ཟླ5པའི་ཚེས10ཉིན། རྨ་ལྷོ་ཚགས་པར་ཁང་དང་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོས་རོགས་སྒྲུབ་བྱས་པའི་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོ་རུ་བསྡུས།
མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རིག་གནས་རྩོམ་རིག་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་ལྷ་ཐར་དང་། རྨ་ལྷོ་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧན་ལི། རྨ་ལྷོ་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་ཁུལ་བརྙན་འཕྲིན་ཁང་གི་མགོ་གཙོ་ཀྲང་ཝུན་ཅེ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་རིང་བཀྲ་ཤིས། རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྡོ་རྗེ་ཚེ་བརྟན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། འབྲོང་བུ་རྡོ་རྗེ་རིན་ཆེན་དང་ཁྱུང་ཐར་རྒྱལ། ཁྱུང་བཟང་སོགས་རྩོམ་པ་པོ། དུས་དེབ«གསེར་མོ་ལྗོངས»ཀྱི་གཙོ་སྒྲིག་པ་ཞོ་ར་དཔལ་མཁར་རྒྱལ་སོགས་རྩོམ་སྒྲིག་པ། གཞན་རྨ་ལྷོ་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་གཙོ། བྱ་དགའ་ཐོབ་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་སློབ་མ་བཅས་མི1000ལྷག་མཛད་སྒོར་ཞུགས་ཡོད།
བྱ་དགའ་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་ཚབ་པ་བན་དེ་སྒོམ་པས་རྨ་ལྷོ་ཁུལ་གྱི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་འགྲན་ཞུགས་རྩོམ་ཡིག་གི་སྤྱིའི་གནས་ཚུལ་དང་དཔྱད་འདེམ་གྱི་གོ་རིམ་སྙན་ཞུ་ཕུལ་བ་དང་། རྩོམ་པ་པོ་གྲགས་ཅན་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་དཔྱད་འདེམ་པའི་ཚབ་བྱས་ཏེ་འགྲན་བསྡུར་སྐབས་སྔ་མ་གཉིས་དང་བསྡུར་བའི་ཚུལ་གྱིས་རེབ་འདིའི་འགྲན་ཞུགས་རྩོམ་ཡིག་ནི་ཚིག་སྦྱོར་དང་རྩོམ་སྟངས། ནང་དོན། བསམ་བློ་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཆེ་བའི་གདེང་འཇོག་གནང་ཞིང་། རྩོམ་རིག་གཞུང་ལུགས་དང་སྦྱར་ཏེ་སློབ་མ་རྣམས་ལ་རྩོམ་འབྲིའི་ལག་ལེན་ཁྲོད་སྡོམ་ཚིག་བཀོད་དེ་ཀློག་པ་པོ་ལ་བསམ་གཞིག་གི་བར་སྟོང་མི་བསྐྱུར་བ་ནི་འཛེམ་བྱ་ཞིག་ཡིན་པས་སྤོང་དགོས་པ་སོགས་ཀྱི་རེ་བ་བཏོན།
བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་མ་ཤེས་རབ་རྡོ་རྗེ། འབྲུག་མཚོ་སྐྱིད། སངས་རྒྱས་དོན་འགྲུབ།
བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མ་དྲི་མེད་མཚོ། འཇམ་དབྱངས་སྒྲོལ་མ། ཨོ་རྒྱན་སྒྲོལ་མ། སྒྲོལ་མ་ལྷ་མཚོ། མཱ་དབྱི་མའེ།
བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མ་རིག་འཛིན་རྡོ་རྗེ། ཟླ་བ་ལྷ་མོ། པདྨ་ཀུན་དགའ། རིན་ཆེན་སྒྲོལ་མ། ལྕགས་ཐར་སྐྱིད། ཀུན་བཟང་སྒྲོལ་མ། ཧའོ་ཝུན་ཞོན།
ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་མ་རྣམ་རྒྱལ་བཀྲ་ཤིས། གདུགས་དཀར་སྐྱབས། ཚེ་གཟུངས་རྒྱལ། སྲི་ཐར་རྒྱལ་ལོ། རིག་འཛིན་གྲགས་ལྡན། སྒྲོལ་མ་སྐྱབས། རིན་ཆེན་རྣམ་རྒྱལ། བདེ་ཆེན་ལྷ་མོ། ཡེ་ཤེས་སྒྲོལ་དཀར། ཏཱ་རེ་ལྷ་མོ། བདེ་སྐྱིད་སྒྲོལ་མ།
བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མ་དྲི་མེད་མཚོ། འཇམ་དབྱངས་སྒྲོལ་མ། ཨོ་རྒྱན་སྒྲོལ་མ། སྒྲོལ་མ་ལྷ་མཚོ། མཱ་དབྱི་མའེ།
བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མ་རིག་འཛིན་རྡོ་རྗེ། ཟླ་བ་ལྷ་མོ། པདྨ་ཀུན་དགའ། རིན་ཆེན་སྒྲོལ་མ། ལྕགས་ཐར་སྐྱིད། ཀུན་བཟང་སྒྲོལ་མ། ཧའོ་ཝུན་ཞོན།
ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་མ་རྣམ་རྒྱལ་བཀྲ་ཤིས། གདུགས་དཀར་སྐྱབས། ཚེ་གཟུངས་རྒྱལ། སྲི་ཐར་རྒྱལ་ལོ། རིག་འཛིན་གྲགས་ལྡན། སྒྲོལ་མ་སྐྱབས། རིན་ཆེན་རྣམ་རྒྱལ། བདེ་ཆེན་ལྷ་མོ། ཡེ་ཤེས་སྒྲོལ་དཀར། ཏཱ་རེ་ལྷ་མོ། བདེ་སྐྱིད་སྒྲོལ་མ།
ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་སློབ་གསོ་རོགས་སྐྱོར་པའི་བྱ་དགའ་འཐོབ་མཁན། རླངས་ཚང་བསོད་ནམས་རྡོ་རྗེ།
མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་དང་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ། སློབ་གསོ་རོགས་སྐྱོར་པའི་བྱ་དགའ། ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་རིམ་པ་བཞིན་སྤྲད།ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་འཐོབ་མཁན།
ཕུལ་བྱུང་སློབ་གསོ་རོགས་སྐྱོར་པའི་བྱ་དགའ་འཐོབ་མཁན། རླངས་ཚང་བསོད་ནམས་རྡོ་རྗེ།
རེབ་འདིའི་འགྲན་བསྡུར་ལ2023ལོའི་ཟླ3པའི་ཚེས17ཉིན་ནས2024ལོའི་ཟླ3པའི་ཚེས22ཉིན་བར་འགྲན་ཞུགས་རྩོམ་ཡིག200ལ་ཉེ་བ་ཙམ་འབྱོར་བ་ལས། ལེགས་འདེམས་བྱས་པ་བརྒྱུད་བརྩམས་ཆོས86ལྷག་ཙམ«རྨ་ལྷོ་བོད་ཡིག་ཚགས་པར»དུ་བཀོད་པ་དང་། དཔྱད་འདེམ་ཨུ་ལྷན་གྱིས་སྔ་ཕྱི་ཐེངས་གཉིས་ལ་དཔྱད་འདེམ་བྱས་པ་བརྒྱུད་བརྩམས་ཆོས22ལ་བྱ་དགའ་སྤྲད། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི“སློབ་མའི་རྩོམ་འབྲིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྩོམ་ལ་འཇུག་པའི་དགའ་སྣང་སྐྱེད་པ། རིག་གནས་ཀྱི་རང་རྟོན་ཆེ་རུ་འགྲོ་བ་དང་སློབ་མའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱེད་རྒྱུ”དེ་ཡིན་ཞིང་། རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མ་རྣམས་ལ་རྩོམ་པའི་འཇོན་ནུས་ངོམ་པའི་གར་སྟེགས་འདི་ལྟ་བུ་ཞིག་བསྐྲུན་པ་ལ་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་དང་རྒྱབ་སྐྱོར་མི་དམན་པ་ཐོབ་ཡོད།
མཇུག་ཏུ། འབྲེལ་ཡོད་མགོ་ཁྲིད་ཀྱིས་བྱེད་སྒོ་འདི་སྤེལ་བའི་དགོས་དོན་དང་རྩོམ་རིག་གི་དགེ་མཚན་ལས་འཕྲོས་ཏེ་གཏམ་བཤད་ཅིང་། མཛད་སྒོ་བདེ་བླག་ངང་མཇུག་བསྡུས་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།