ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅། །བདེ་ཡངས་ཡུལ་ཚོས་དཔའ་རིས་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས།
༄༅། །བདེ་ཡངས་ཡུལ་ཚོས་དཔའ་རིས་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-24 09:05:23
ཀློག་གྲངས།:
2024ལོའི་ཟླ9པའི་ཚེས22ཉིན། བདེ་ཡངས་ཡུལ་ཚོས་རིག་གནས་རྒྱུད་འཛིན་གྱི་སྒྲ་དབྱངས་གྲག་སྟེ་མེ་ཏོག་སེ་འབྲུ་རབ་བཞད་འཁྲུངས་སྐར་བསུ་ཞེས་པའི་དཔའ་རིས་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས། དེ་ནི་དམངས་སྲོལ་རིག་གནས་ཀྱི་ཉམས་སྣང་མངོན་པའི་གསོལ་སྟོན་ཞིག་ཡིན་པ་མ་ཟད། ཡུལ་ཚོ་དེ་གས་མེས་རྒྱལ་རླབས་པོ་ཆེ་ཚུགས་ནས་ལོ་འཁོར75ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་ཕུལ་བའི་བརྗོད་དོན་བྱེད་སྒོ་ཞིག་ཀྱང་ཡིན།
བྱེད་སྒོའི་ཡུལ་དངོས།
བྱེད་སྒོའི་ཁྲོད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གོང་སྤེལ་གཏོང་རྒྱུ་དམིགས་སུ་བཟུང་ཞིང་། ཡུལ་ཚོས་དེ་གའི་དམངས་གླུའི་རིག་གནས་ཐོན་ཁུངས་དང་རྒྱུད་འཛིན་གྱི་ལོ་རྒྱུས་སོགས་གཞིར་བཅོལ་ནས་དཔའ་རིས་དམངས་གླུ་དང་། རྩེད་རིག དཔའ་རིས་བཤད་པ་སོགས་ཀྱི་སྲོལ་རྒྱུན་གྱི་དྲི་མ་མ་ཡལ་བའི་དམངས་སྲོལ་རིག་གནས་ཀྱི་རྒྱས་སྟོན་བཤམས། དེ་བས་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་། ཡུལ་ཚོ་འདི་རུ་དཔའ་རིས་དམངས་སྲོལ་རིག་གནས་ཀྱི་རྫོང་སྟུག་ཅིང་འོད་དུ་འཚེར་བ་ངང་ངམ་ཤུགས་ཀྱིས་རྟོག་ཡོང་ངེས།
ཐེངས་འདིའི་བྱེད་སྒོ་ནི་དཔའ་རིས་བོད་རང་སྐྱོང་རྫོང་གི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་སྐྱོང་དང་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། རྫོང་ཁོངས་སུ་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་མངོན་པར་དོད་པ། དེ་མཚུངས་སུ་བདེ་ཡངས་ཡུལ་ཚོས་དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། དཔའ་རིས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལ་རྒྱུས་ལོན། དེ་ལ་སྲུང་སྐྱོབ་བྱེད་པའི་སེམས་ཤུགས་ཆེར་བསྐྱེད་གཏོང་རྒྱུ་དང་། མི་རིགས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད། སྔར་ལས་ལྷག་པར་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་སྤེལ་བྱ་རྒྱུ་དེའོ། །
བྱེད་སྒོའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།