རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-10-13 08:20:53 ཀློག་གྲངས།:
       ཟླ10པའི་ཚེས10ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་པེ་ཅིང་བོད་ལུགས་སྨན་ཁང་དུ་འཚོགས། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭས“བོད་ཀྱི་གསོ་བ་རིག་པའི་གསུང་རབ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང”བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ལས་སྒོའི་གཞུང་ལས་ཁང་དང་། བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། པེ་ཅིང་བོད་ལུགས་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ལུགས་གསོ་རིག་ཤེས་ལྡན་པའི་ཆེད་ལས་ནུས་པ་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། སླད་ཕྱིན་ཉིན་བདུན་ནང་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིང་སོགས་ནས་ཡོང་བའི་སློབ་མ100ལྷག་ཙམ་དེ་གར་ཟབ་སྦྱོང་ནང་ཞུགས་རྒྱུ་རེད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
       འགོ་ཚུགས་མཛད་སྒོ་ནི་པེ་ཅིང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་མཆོད་རྒྱལ་གྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་གཙོ་འགན་འཁུར་མཁན་གཞོན་པ་ལིའུ་ཝེ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཧྲའོ་ཅི། པེ་ཅིང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་ཀའོ་ཝེ། སྨན་རྩིས་ཞིབ་འཇུག་ཁང་གི་སུའུ་ཀྲང་གཞོན་པ་ཧྥེང་ཤིན་སོགས་ཚོགས་འདུར་ཞུགས་ཡོད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་མཁས་པ་གྲགས་ཅན་དང་། བོད་ཀྱི་གསོ་བ་རིག་པའི་ཀྲུའུ་རེན་སྨན་རམས་པ། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་རིག་གཞུང་གི་ཉམས་མྱོང་རྒྱུན་འཛིན་གྱི་མཛུབ་ཁྲིད་དགེ་རྒན་གྲགས་ཅན་རྣམ་རྒྱལ་ལགས་གདན་ཞུས་ལྟར་སློབ་ཁྲིད་གནང་བར་ཕེབས་ཡོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་སློབ་མས་སློབ་ཚན་ལ་ཉན་བཞིན་པ།
       པེ་ཅིང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་ཀའོ་ཝེས་ཤིས་ཚིག་སྒྲོན་སྐབས། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྟུད་མར་གཉེར་བ་དེས་བོད་ཀྱི་གསོ་བ་རིག་པའི་ལས་དོན་པར་ཆུ་ཚད་མཐོ་བའི་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་པ་དང་། ཤེས་བྱ་མཉམ་སྤྱོད་དང་ཉམས་མྱོང་ཁྱབ་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་རིག་ཚན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དེ་བས་ནུས་ལྡན་བཏང་ཡོད་ཅེས་བརྗོད་པ་དང་། ཁོང་གིས། སློབ་མ་ཚང་མས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་ཞིབ་འཇུག་གཏིང་ཟབ་བྱས་ནས། རིགས་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན་ཟུང་འབྲེལ་དམ་ཟབ་ཀྱིས་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པ་དུས་བསྟུན་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་དྲན་རྟེན་མཉམ་པར།
       བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཕྱི་ནད་སྨན་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་རམས་པ་གཞོན་པ་རིག་འཛིན་གྱིས། རྒན་རྣམ་རྒྱལ་ལགས་ཀྱིས་སློབ་ཁྲིད་གནང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གསོ་སྦྱོང་བྱེད་རིང་རྒན་ལགས་གྱིས་ཁྲིད་གནང་བའི་ནད་ཐོག་ཉམས་མྱོང་དག་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་ཟུང་འབྲེལ་གྱིས་ལས་ཀའི་ཁྲོད་བེད་སྤྱོད་དེ་བས་ལེགས་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་འཕྲོད་བསྟེན་ཁང་གི་གཙོ་བཅོས་སྨན་རམས་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཀྱང་ད་ཐེངས་པེ་ཅིང་དུ་གསོ་སྦྱོང་བྱེད་པར་ཡོང་བའི་གོ་སྐབས་ལ་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་གིས་བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་བྱ་གཞག་ཆེད་རང་ཉིད་ཀྱི་ནུས་པ་དང་རིན་ཐང་དེ་བས་ལེགས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།