-
སྤྱི་ལོ༢༠༢༤ལོའི་ཟླ༦པའི་ཚེས༡ཉིན་གྱི་ཞོགས་པར།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལུས་རྩལ་ར་བར་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ་སྐབས༢༩པ་གཟབ་རྒྱས་ངང་འཚོགས།ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རྡོ་རྗེ་དང་སློབ་གཙོ་ཕྱུག་ལོ་གཙོ་བྱས་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་།དགེ་སློབ་ལྷན་རྒྱས།ཕྱོགས་ཡོངས་ནས་ཕེབས་པའི་ཁྱིམ་བདག་རྣམ་པ་བཅས་མཐར་ཕྱིན་མཛད་སྒོར་ཞུགས།...
2024-06-03 09:21:55 བྱ་གཞུང་གནམ་ལྷ་འབུམ། 14040 -
རེབ་འདིའི་འགྲེམས་སྟོན་ཚན་པ་གསུམ་དུ་བཀར་ཡོད་ཅིང་།ཁྱོན་བསྡོམས་བརྩམས་ཆོས100འགྲེམས་སྟོན་བྱས་ཡོད་པ་དང་འགྲེམས་སྟོན་དུས་ཡུན་ཟླ་བ་གཅིག་རེད།ཚན་པ་དང་པོ«མི་ཚུལ་རིང་ལུགས་ཀྱི་དེད་དཔོན་ཆེན་མོ་སྟེ་དགེ་འདུན་ཆོས་འཕེལ་དང་ཁོང་གི་སྒྱུ་རྩལ་བརྩམས་ཆོས»སུ་དགེ་འདུན་ཆོས་འཕེལ་གྱི་སྒྱུ་རྩལ་བརྩམས་ཆོས33འགྲེམས་སྟོན་བྱས་ཡོད་པ་དང་། ཚན་པ་གཉིས་པ«དུས་རབས་ཤིག་གི་སྐྱེས་ཆེན་ཏེ་ཨ་མདོ་བྱམས་པ་དང་ཁོང་གི་སྒྱུ་རྩལ་བརྩམས་ཆོས»སུ་ཨ་མདོ་བྱམས་པའི་ཐང་ག་སྒྱུ་རྩལ་བརྩམས་ཆོས40འགྲེམས་སྟོན་བྱས་ཡོད།ཚན་པ་གསུམ་པ«མི་རབས་བར་གྱི་རྒྱུན་འཛིན་ཏེ་ཐང་ག་སྒྱུ་རྩལ་གྱི་རྒྱུན་འཛིན་དང་གསར་གཏོད»དུ་དགེ་འདུན་ཆོས་འཕེལ་དང་ཨ་མདོ་བྱམས་པའི་ཐང་ག་སྒྱུ་རྩལ་གྱི་ལད་འབྲི་དང་རྒྱུན་འཛིན་གྱི་སྒྱུ་རྩལ་བརྩམས་ཆོས27འགྲེམས་སྟོན་བྱས་ཡོད།...
2024-05-30 09:44:01 མཚོ་སྔོན་པོ་དྲ་བ། 13895 -
[བྱ་འགུལ་སྣ་ཚོགས།]
༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་རའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་བཅུ་བདུན་པ་སྤེལ།
རྩོམ་རིག་གཞུང་ལུགས་ལ་བློ་སྦྱོང་ལྡན་ཞིང་རྩོམ་འབྲིའི་ལག་ལེན་ལ་ནང་བྱན་ཆུད་པ།བརྩམས་ཆོས་འབྲི་སྦྱོང་གི་མཛུབ་སྟོན་ལ་ཉམས་མྱོང་མོད་པའི་དགེ་རྒན་དུ་མས་རིས་སུ་མ་ཆད་པའི་སྐར་གྲངས་བཀོད་རྗེས་ཨང་རིམ་བཀར།དེ་ལས་ཏཱ་རེ་སྒྲོལ་མ་སོགས་སློབ་བུ༧༩ལ་རྟིང་སྐུལ་བྱ་དགའ་དང་།བུན་ཁྲང་ཚེ་རིང་སོགས་སློབ་བུ༨༥ལ་ཕུལ་བྱུང་བྱ་དགའ། གནམ་བྱམས་སྒྲོལ་མ་སོགས་སློབ་བུ༡༥ལ་ཨང་གསུམ་པའི་བྱ་དགའ། བཀྲ་ཤིས་མཚོ་སོགས་སློབ་བུ༡༥ལ་ཨང་གཉིས་པའི་བྱ་དགའ།སྙིང་དཀར་སྐྱིད་སོགས་སློབ་བུ༤ལ་ཨང་དང་པོའི་བྱ་དགའ་ཐོབ་ཅིང་།སློབ་བུ་ཚེ་རིང་སྒྲོལ་མ་ལ་ཐེངས་འདིའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་སློབ་རའི་རྩོམ་པ་པོ་ཆུང་ཆུང་གི་མཚན་སྙན་ཐོབ།...
2024-05-28 08:41:17 མི་གསལ། 13448 -
[བྱ་འགུལ་སྣ་ཚོགས།]
༄༅། །དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྫས་མིན་རིག་གནས་ཤུལ་བཞག་བརྒྱུད་ཁྲིད་ལས་འགུལ་སྤེལ།
དབྱར་ཟླ་ལྔ་བའི་བསིལ་རླུང་དྲོ་ཞིང་འཇམ་ཤ་དོད་ལ།དབྱར་ཟླ་ལྔ་བའི་ཉི་འོད་འཛིན་མའི་ཁྱོན་ལ་འཁྱུད་ཅིང་སྐྱེ་རྒུར་གསོན་ཤུགས་སྦྱིན།ཟླ༥ཚེས༡༥ཉིན།དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུ་དང་།གྲོང་ཁྱེར་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་བཤད་པ་བཅས་ཀྱི་བརྒྱུད་ཁྲིད་ལས་འགུལ་སྤེལ།...
2024-05-17 08:32:57 དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་ 12678 -
[བྱ་འགུལ་སྣ་ཚོགས།]
རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་རེབ་གོང་དུ་བསྡུས་པ།
ཟླ5པའི་ཚེས10ཉིན།རྨ་ལྷོ་ཚགས་པར་ཁང་དང་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོས་རོགས་སྒྲུབ་བྱས་པའི་རྨ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་ལྷུག་རྩོམ་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོ་རུ་བསྡུས།...
2024-05-11 08:45:03 ལྷ་མོ་རྒྱལ། 12150 -
ཟླ་བ་བཞི་པའི་ཚེས་སུམ་ཅུ་ཉིན་ཁམས་པའི་བརྙན་འཕྲིན་ཁང་དང་པདྨ་གསེར་བྲིས་གླིང་།ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་མཉམ་དུ་སྒྲུབ་པའི་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་གཟེངས་བསྟོད་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོའི་བརྗོད་དོན་གཙོ་བོའི་ཐད་གཏོང་བྱེད་སྒོ་ཁྲེང་ཏུའུ་ནས་བདེ་བླག་ངང་སྤེལ་བ་རེད།...
2024-05-01 10:10:58 མཚོ་སྔོན་པོ་དྲ་བ། 12336 -
ཟླ4ཚེས23ཉིན།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སྐལ་བཟང་མེ་ཏོག་བྱིས་སྐྱོང་ཁང་གིས་བྱིས་པ་ཚོ་ལ་ས་ཞིང་རྨོ་འདེབས་ཀྱི་བྱེད་སྒོ་སྤེལ་ཏེ།ལོ་ཆུང་བྱིས་པ་དག་ལ་སློབ་ཁང་སློབ་ཁྲིད་དེ་ཕྱི་རོལ་གྱི་ཞིང་ཁར་སྤོས་ནས་ཞོག་ཁོག་འདེབས་པའི་བརྒྱུད་རིམ་ཤེས་རྟོགས་བྱས་ཏེ་ངལ་རྩོལ་གྱི་བདེ་སྣང་དང་དཀའ་ངལ་ཅི་འདྲ་ཡིན་པ་དངོས་སུ་མྱོང་རོལ་བྱེད་དུ་བཅུག...
2024-04-28 10:10:30 དྲ་བའི་རྩོམ་སྒྲིག་པ། 11853





























青公网安备63252102000006号