• ཟླ4ཚེས22ཉིན།མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་།ཁུལ་སྤྱི་ཁྱབ་བཟོ་ཚོགས།གུང་གཞོན་ཚོགས་པའི་ཁུལ་ཨུ།ཁུལ་སློབ་གསོ་ཅུའུ།ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་།ཁུལ་དཔེ་མཛོད་ཁང་གིས་རོགས་སྒྲུབ་གནང་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་འཛམ་གླིང་དཔེ་ཀློག་ཉིན་མོ་དང་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་ཚོགས་འདུ“དཔེ་མོས་མཚོ་ལྷོ།དམངས་ཡོངས་དཔེ་ཀློག”དང“འཆལ་སེལ་ལོག་རྡུང”(པར་དབང་།)དྲིལ་བསྒྲགས་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དེ་ཁུལ་དཔེ་མཛོད་ཁང་ཐང་ཆེན་དུ་བསྡུས།...

    2024-04-23 14:34:20 དྲ་བའི་རྩོམ་སྒྲིག་པ། 9303
  • ཡོངས་བསྒྲགས་བྱ་འགུལ་དངོས་སུ་འགོ་མ་ཚུགས་གོང་ལ།ཁང་ཧའེ་ཡིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་ལྔ་པའི་སློབ་མ་དག་ལ་གླེང་མོལ་ཚུལ་དུ་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་གང་ལེགས་བྱེད་དགོས་པ་མ་ཟད།མི་རིགས་ཀྱི་སྐད་ཡིག་ཡང་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་གནང་།...

    2024-04-18 08:41:54 ལྷ་དཔལ་སྐྱབས། 8963
  • ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བཅོ་བརྒྱད་པ་ཚོགས་མགོ་བརྩམས་པ།རང་ཁུལ་གྱི་རིག་གནས་ཡུལ་སྐོར་མིང་རྟགས་ཀྱི་སྤུས་ཚད་སྔར་ལས་མཐོ་རུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ཟླ4པའི་ཚེས14ཉིན“རི་ཆུ་འབྱུང་ཡུལ།རབ་མཛེས་མཚོ་སྔོན།དག་གཙང་མཚོ་ལྷོ།”ཞེས་པའི་རིག་གནས་དང་ཡུལ་སྐོར་རིམ་སྤེལ་བྱ་འགུལ་དང་རྨ་ཡུལ་ཁྲི་ཀའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བཅོ་བརྒྱད་པའི་མགོ་རྩོམ་མཛད་སྒོ་ཆུ་འཁོར་ཐང་ཆེན་དུ་བསྡུས།...

    2024-04-17 09:03:56 མཚོ་སྔོན་པོ་དྲ་བ། 8365
  • ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན།རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི«ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང»ལས་གཞི་མཇུག་འགྲིལ་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འཚོགས་ཤིང་།སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ནོར་བུ་རྒྱལ་མཚན་དང་།རིམ་པ་དང་པོའི་རྩོམ་སྒྲིག་པ་ཡན་ཧྥུའུ་ཁྲང་།བོད་རིག་པ་མཁས་ཅན་དང་འབུམ་རམས་པའི་སློབ་དཔོན།དགེ་རྒན་ཆེན་མོ་དགེ་ལེགས་སོགས་ཐེངས་འདིའི་སྙན་ཞུ་ཚོགས་འདུར་ཕེབས།...

    2024-01-02 09:05:49 མཚོ་སྔོན་པོ་དྲ་བ། 8750
  • 1982ལོར་གསར་དུ་བཏོན་པའི«ཟླ་ཟེར»དུས་དེབ་ཀྱིས་ད་བར་དུ“ཞབས་ཞུ་གཉིས”ཀྱི་ཁ་ཕྱོགས་པ་དང“མཉམ་བཞད་འགྲན་གླེང”གི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ལོ་ངོ40ལྷག་གི་གྲུབ་འབྲས་ཀྱིས2008ལོར་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ་པ་དང་།2015ལོར་ཀན་སུའུ་ཞིང་ཆེན་རིག་རྩལ་དུས་དེབ་ཀྱི་ཞིབ་བཤེར་ལྟ་ཀློག་བྱེད་སྒོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།2017ལོར་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པར་འོས་སྦྱོར་བྱས་པའི་ཕུལ་བྱུང་དུས་དེབ་བརྒྱའི་ནང་ཚུད་པ་པ་དང་།2019ལོའི་ཟླ8པར་ཀྲུང་གོའི་དུས་དེབ་མཐུན་ཚོགས་ཀྱིས་གཉེར་བའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི”དུས་དེབ་སྤུས་ལེགས་ཀྱི་འགྲེམས་སྟོན་དུ་ཡང་བདམས།།...

    2023-12-21 09:30:28 མཚོ་སྔོན་པོ་དྲ་བ། 8579
  • ཉེ་སྔོན།2023ལོའི“ཐེན་ཡིའུ་ཏུ”རྟགས་མའི་སྐབས་ལྔ་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་ཧུའུ་ཀྲུའུ་རྫོང་ཐེན་ཡིའུ་ཏུ་གསོལ་མགྲོན་ཁང་ཆེན་མོར་འཚོགས།རྒྱལ་ཡོངས་ཀྱི་ལྗོངས་ཞིང་ཁག་ཅིག་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་བོད་འགྱིག་གི་འགྱིག་བ་རྩེ་གྲས་མང་པོ་ཕྱོགས་གཅིག་ཏུ་འཛོམས་ནས་བཙིར་འགྱིག་དང་རྒྱལ་པོ་སྒོ་གཉིས་སོགས་འགྱིག་གི་རྣམ་གྲངས་ཀྱི་འགྲན་སྡུར་ཁྲོད་ཞུགས།...

    2023-12-14 10:24:05 མཚོ་སྔོན་པོ་དྲ་བ། 8199

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།