-
ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ༼བདེ་སྐྱིད་དཔལ་གྱི་གཞིས་ཁྱིམ༽ཞེས་པ་སྤྱི་ཟླ12པའི་ཚེས27ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་།ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་བཅས་ཁྱོན་བསྡོམས་འཁྲབ་སྟོན་པ400ལྷག་ཙམ་གྱིས་རྣམ་པ་མི་འདྲ་བའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས།...
2024-12-30 09:54:37 མཚོ་སྔོན་པོ་དྲ་བ། 14780 -
[བྱ་འགུལ་སྣ་ཚོགས།]
མཚོ་ལྷོ་གླུ་གར་ཚོགས་པ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོང་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཏང་གི་དྲིན་དྲན་པའི་རིག་རྩལ་དགོང་ཚོགས་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་མཚོ་ལྷོ་ཁུལ་དུ་འཚོགས།...
2024-12-25 11:11:52 བསོད་ནམས་དབང་མོ། སྐལ་བཟང་རྣམ་རྒྱལ། 14884 -
[བྱ་འགུལ་སྣ་ཚོགས།]
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་བོད་སྐད་ཡིག་གི་གསུང་རབ་སྒྲོན་འདོན་འགྲན་སྡུར་གྱི་བྱེད་སྒོ་སྤེལ།
ཟླ10པའི་ཚེས25ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་གཅིག་ལོ་རིམ་ཁག་གིས་བོད་སྐད་ཡིག་གི་གསུང་རབ་སྒྲོན་འདོན་འགྲན་སྡུར་གྱི་བྱེད་སྒོ་སློབ་གྲྭའི་ཕན་བདེ་གླིང་གི་སྙན་ཞུའི་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ།...
2024-12-20 08:45:35 མཚོ་སྔོན་པོ་དྲ་བ། 15179 -
[བྱ་འགུལ་སྣ་ཚོགས།]
གཙང་གསུམ་འབྱུང་ཡུལ་གྱི་རྩ་ཆེའི་སྐྱེ་ཁམས་པར་རིས་པེ་ཅིན་གྲོང་ཁྱེར་དུ་འགྲེམས་སྟོན་བྱས་པ།
ཉེ་ཆར།“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྟེ།རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་པ་བརྗོད་དོན་ཡིན་པའི་པར་རིས་འགྲེམས་སྟོན་དང་རང་བྱུང་སློབ་གསོ་བཤམས་སྟོན་ཁང་དུ་སྐྱོད་པའི་བྱ་འགུལ་དེ་ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སུའོ་རྒྱལ་ཁབ་སྲོག་ཆགས་བཤམས་སྟོན་ཁང་དུ་སྤེལ་བ་རེད།...
2024-12-18 09:41:31 མཚོ་སྔོན་པོ་དྲ་བ། 14853 -
[བྱ་འགུལ་སྣ་ཚོགས།]
རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་གྱི་བྱ་དགའི་མཛད་སྒོ་ཟི་ལིང་དུ་བསྡུས།
ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་དང་ཨ་མདོ་བརྙན་འཕྲིན་གྱིས་འགན་སྒྲུབ་བྱས་པའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་དང་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་དུ་བསྡུས།...
2024-12-10 08:12:16 མཚོ་སྔོན་པོ་དྲ་བ། 15456 -
[བྱ་འགུལ་སྣ་ཚོགས།]
རྒྱལ་ཡོངས་བོད་ཀྱི“རྨ་གཡང་རྟགས་མའི”འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་སྐབས་དང་པོའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་སྤེལ།
2024ལོའི་ཟླ12པའི་ཚེས2ཉིན་ནི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཐེངས13པའི་ཉིན་མོ་ཡིན་ལ།ཧུར་ཐག་གིས་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད།རྒྱལ་ཡོངས་བོད་ཀྱི“རྨ་གཡང་རྟགས་མའི”འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་སྐབས་དང་པོའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས།...
2024-12-03 08:37:43 མདོ་སྡེ་རྒྱལ། 15684 -
[བྱ་འགུལ་སྣ་ཚོགས།]
སྐྲ་རིང་རྒྱལ་མོ་བོད་རིགས་བུད་མེད་ཀྱི་གནའ་སྲོལ་སྐྲ་རྒྱན་རིག་གནས་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་བྱ་དགའ་སྤྲོད་པའི་བྱེད་སྒོ་ལྷ་སར་སྤེལ།
ཟླ11ཚེས20ཉིན།སྐྲ་རིང་རྒྱལ་མོའི་ཚོང་དོན་ཚད་ཡོད་ཀུང་སིས་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་སྐྲ་རིང་རྒྱལ་མོ་བོད་རིགས་བུད་མེད་ཀྱི་གནའ་སྲོལ་སྐྲ་རྒྱན་རིག་གནས་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་བྱ་དགའ་སྤྲོད་པའི་བྱེད་སྒོ་ཞིག་སྤེལ་བ་རེད།...
2024-11-26 09:16:10 བསྟན་འཛིན་གཡུ་སྒྲོན་སོགས། 15399 -
[བྱ་འགུལ་སྣ་ཚོགས།]
བསྟན་འཛིན་སྐ་བྲིས་གློག་རྡུལ་ཡིག་གཟུགས་འགྲེམ་སྤེལ་དང་ཁྱིམ་རྒྱུད་མེས་པོའི་བརྩམས་ཆོས་བཤམ་སྟོན་མཛད་སྒོ་ཁྲེང་ཏུའུ་རུ་འཚོགས།
་ཟླ༡༡པའི་ཚེས༢༤ཉིན།བསྟན་འཛིན་སྐ་བྲིས་གློག་རྡུལ་ཡིག་གཟུགས་འགྲེམ་སྤེལ་དང་ཁྱིམ་རྒྱུད་མེས་པོའི་བརྩམས་ཆོས་བཤམ་སྟོན་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ནས་འཚོགས་ཤིང་།ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྦྱོར་ཀུན་འདུས་ཀྱི་སྟེགས་བུ་དག་བརྒྱུད་ནས་ཐད་གཏོང་བྱས་པ་རེད།...
2024-11-25 14:50:29 མཚོ་སྔོན་པོ་དྲ་བ། 15127 -
[བྱ་འགུལ་སྣ་ཚོགས།]
«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི“ལོ་ཟུང་བྱ་དགའ”སྐབས་བཞི་པ་སྤྲོད་པའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་ཤིང་།«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་དང་བོད་ལྗོངས་སློབ་ཆེན་རིག་རྩལ་དཔྱད་བརྗོད་རྟེན་གཞི་གཉིས་ནས་འགན་གཉེར་བྱས་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»“ལོ་ཟུང་བྱ་དགའ”སྐབས་བཞི་པ་སྤྲོད་པའི་མཛད་སྒོ་དང་།བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་གྱི་སྒྱུ་རྩོམ་དགོངས་པའི་དཔྱད་གླེང་།བོད་ཀྱི་སྐྱེ་ཁམས་རིག་རྩལ་མཛེས་རྟོག་དགོངས་པའི་དེང་རབས་རིན་ཐང་གི་དཔྱད་གླེང་།འབྲོག་བཟའ་སྐྱིད་ཀྱི་བརྩམས་ཆོས་དཔྱད་གླེང་བཅས་རྩོམ་རིག་བྱེད་སྒོ་ཁག་བཞི་དེ་ཚེས༡༦དང༡༧ཉིན་ལ་ལྷ་སའི་ཉི་འོད་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།...
2024-11-18 09:55:26 དྲ་བའི་རྩོམ་སྒྲིག་པ། 15583 -
[བྱ་འགུལ་སྣ་ཚོགས།]
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སློབ་མའི་རྩོད་གླེང་འགྲན་སྡུར་འདི་འདྲ་ཞིག་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲྭའི་ཏང་ཀྲི་པུའུ་དང་པོ་དང་མཐོ་གཉིས་ལོ་རིམ་ཁག་བོད་ཡིག་སློབ་ཁྲིད་གྲ་སྒྲིག་ཚན་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ་སློབ་མའི་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོར་ཤུགས་སྣོན་དང་། སློབ་རའི་སློབ་སྦྱོང་གི་མཁའ་དབུགས་ལེགས་བཅོས་སུ་གཏོང་བ།ལྷག་པར་དུ་སློབ་མའི་སྨྲ་བརྗོད་ཀྱི་ནུས་པ་དང་གཏན་ཚིགས་བསམ་གཞིགས་ཀྱི་ནུས་པ་སོགས་སྐྱེད་སྲིང་དང་སྦྱོར་བརྡར་བྱ་ཆེད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་མཐོ་གཉིས་ལོ་རིམ་ཁག་བོད་སྐད་ཡིག་སློབ་ཁྲིད་གྲ་སྒྲིག་ཚན་ཆུང་གིས་ཟླ༡༡ཚེས༡ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་སྟེང་། སློབ་གྲྭའི་སྙན་ཞུའི་ཚོམས་ཆེན་དུ་སློབ་མའི་རྩོད་གླེང་འགྲན་སྡུར་གཟབ་རྒྱས་ངང་སྤེལ་ཞིང་། སློབ་གྲྭའི་མགོ་ཁྲིད་ཚན་ཁག་དང་རང་རེའི་བོད་ཡིག་བསླབ་ཁག་གི་དགེ་རྒན་རྣམས་བྱ་འགུལ་གྱི་ཡུལ་དངོས་ལ་ཕེབས་ནས་རྩོད་གླེང་གི་རིག་པའི་དགའ་སྟོན་ལ་མྱོང་རོལ་བྱས།...
2024-11-11 09:07:26 མཚོ་སྔོན་པོ་དྲ་བ། 15037






































青公网安备63252102000006号