2025ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-07-29 08:47:10
ཀློག་གྲངས།:
ཟླ7པའི་ཚེས23ཉིན། “རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི2025ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་མཚོ་སྔོན་པོ་རུ་དངོས་སུ་འགོ་ཚུགས། སྙན་ངག་པ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་སྙན་ངག་ཨུ་ལྷན་གྱི་ཀྲུའུ་རེན། 2025ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཅི་ཏེ་མཱ་ཅས་སྙན་ངག་དུས་ཆེན་གྱི་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་དང་འཇར་མན། ཧོ་ལན། ཨ་ཧྥེ་རི་ཁ་ལྷོ་མ། ཁོ་ལོམ་པི་ཡ། སེ་ནེ་ཀལ་སོགས་རྒྱལ་ཁབ་ནས་ཐོན་པའི་སྙན་ངག་པ90ལྷག་འགོ་ཚུགས་མཛད་སྒོར་ཞུགས།

ཐེངས་འདིའི་སྙན་ངག་དུས་ཆེན་དེ“མཚོ་སྔོན་གྱི་གདན་ཞུ”དང“རབ་མཛེས་མཚོ་སྔོན་མངོན་པ” “སྙན་ངག་གི་མཚོ་སྔོན་ལ་རོལ་བ”ཅེས་པའི་ལེའུ་གསུམ་གྱིས་བཀར་ནས། སྙན་ངག་གི་སྤྱི་ཕན་འཆད་ཁྲིད་དང་། གྲོང་ཁྱེར་གྱི་སྙན་ངག་གསར་རྩོམ། སྙན་ངག་གྱེར་འདོན། བརྗོད་དོན་བརྗེ་རེས་ཚོགས་འདུ་སོགས་ཀྱི་བྱེད་སྒོ་བརྒྱུད། དམངས་ཡོངས་ཞུགས་ཐུབ་པའི་སྙན་ངག་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་སྤེལ།

མཚོ་སྔོན་པོའི་སྙན་ངག་དུས་ཆེན་དེ2007ལོར་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁའི་ངང་སྐབས8སྤེལ་ཟིན་པ་དང་། ལོ་གཉིས་རེའི་ནང་ཐེངས་གཅིག་ལ་བསྒྲུབ་བཞིན་ཡོད། ལོ་མང་པོའི་རིང་སྙན་ངག་དུས་ཆེན་སྟེང་རྒྱལ་ཁབ་དང་ས་ཁུལ160ལྷག་ནས་ཡོང་བའི་སྙན་ངག་པ1400ལྷག་ལྷན་འཛོམས་བྱུང་སྟེ། «མཚོ་སྔོན་པོའི་སྙན་ངག་བསྒྲགས་གཏམ»སྤེལ་བ་དང་། བསྡོམས་པས་སྙན་ངག6000ལྷག་གསར་རྩོམ་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་སྤུས་རྟགས་ཤིག་འཚར་ལོངས་བྱུང་བ་བདེན་དཔང་བྱས།

དེ་མིན་མཚོ་སྔོན་གྱི་རིག་གནས་སྟོབས་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་། སྙན་ངག་དུས་ཆེན་གྱི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པས་བསམ་བློ་བརྗེ་རེས་དང་། སྒྱུ་རྩལ་གསར་རྩོམ། གྲུབ་འབྲས་མཉམ་སྤྱོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་འགྲེམ་སྟོན་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་མིང་བྱང་། མང་ཚོགས་ཀྱིས་སྙན་ངག་སྒྱུ་རྩལ་ལ་མྱོང་རོལ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།