ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་པ་མཚོ་སྔོན་སློབ་ཆེན་དུ་བསྡུས།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་པ་མཚོ་སྔོན་སློབ་ཆེན་དུ་བསྡུས།
རྩོམ་པ་པོ།:བཀྲ་ཤིས་ཚེ་རིང་། བནྡེ་འཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-07-25 06:42:13
ཀློག་གྲངས།:
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི«དུས་རབས་གསར་པའི་གནའ་དཔེ་བྱ་བའི་སྐོར་གྱི་བསམ་འཆར»ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ། རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ཐད་སྔར་བས་ཤུགས་རྒྱག་པ་བཅས་ཀྱི་ཆེད་དུ། ཟླ7པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་གི་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་པའི་མགོ་རྩོམ་མཛད་སྒོ་མཚོ་སྔོན་སློབ་གྲྭ་ཆེན་མོ་རུ་བསྡུས།

གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོ།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་རོགས་སྒྲུབ་བྱས་ནས་འཚོགས་པ་རེད།

སློབ་ཁྲིད་ཀྱི་ཡུལ་དངོས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་འཇོན་མི་རྣམས་ལ་ཆབ་སྲིད་ཀྱི་གཞུང་ལུགས་སྐོར་གྱི་བྱང་ཚད་དང་ཆེད་ལས་ཀྱི་རྩལ་ནུས་གསོ་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དེ་གནའ་དཔེ་ལེགས་སྒྲིག་གི་བྱ་བའི་ཁྲོད་ལག་ལེན་དང་ཉེར་སྤྱོད་བྱེད་པ། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས། གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱ་རྒྱུ་དེ་རེད། གསོ་སྦྱོང་འཛིན་གྲྭ་འདི་བསྟུད་མར་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་གནའ་དཔེ་ཞིབ་འཇུག་ཕྱོགས་ཀྱི་དགེ་རྒན་ཆེན་མོ་སོགས་གདན་འདྲེན་ཞུས་ཡོད་ཅིང་། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་ཁུལ། རྫོང་རིམ་པ་སོགས་ནས་ཐོན་པའི་འབྲེལ་ཡོད་མི་སྣ47གསོ་སྦྱོང་དུ་ཞུགས་ཡོད།

མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།