ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།»
«ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-09 08:13:10
ཀློག་གྲངས།:
ངས་དཔྱད་གཞིའི་ཡིག་ཆ་ཁ་ཤས་བལྟས་པས། 2012ལོའི་ལོ་སྟོད་དུ་ཞིང་ཆེན་ག་གེ་མོ་ཞིག་གི་རྫོང་ཞིག་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་ལ་གཏན་འཁེལ་བྱས་པས་རྫོང་སྲིད་གཞུང་གིས་དྲ་ཚིགས་སུ“གཏམ་བཟང་ཤིན་ཏུ་ཆེན་པོ”ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་ཀྱིས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ནང་ཚུད་རྒྱུ་ལེགས་གྲུབ་བྱུང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྟེན་འབྲེལ་ཞུས་འདུག ད་དུང་དཔེ་དོན་གཅིག་ཡོད་པ་སྟེ། རྫོང་གཉིས་ཀྱིས་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་གི་ཞྭ་མོར་ཧབ་ཐོབ་བརྒྱབ་པ་དང་། མ་ཚུད་པའི་རྫོང་དཔོན་གྱིས་མིག་ཆུ་གཏོང་བཞིན་དུ་ང་ཚོས་ད་རེས་དབུལ་པོའི་རྫོང་བརྩོན་ལེན་མ་ཐུབ་པའི་རྒྱུ་རྐྱེན་ནི་ང་ཚོའི་རྫོང་དངོས་འབྲེལ་དབུལ་ཐག་ཆོད་པས་རེད་ཅེས་བཤད་པ་རེད། གཞན་ཡང་། ས་ཆ་ཞིག་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ལྟེ་གནས་རྫོང་གི་ཞྭ་མོ་གྱོན་གྱོན་པར་བསྡད་ཡོད་པ་དེ་དོན་དངོས་ཐོག2005ལོར་རྒྱལ་ཡོངས་ཀྱི་རྫོང་དྲག་གྲས་བརྒྱའི་ནང་ཚུད་པ་དང་། 2011ལོར་སྨྱན་སྦྱོར་གྱིས་དམར་འདོན་བྱས་རྐྱེན་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་འོས་ཐོབ་མེད་པར་བཟོས་པ་རེད། གོ་ཐོས་ལ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་རྫོང་ཁུལ་དཔལ་འབྱོར་གྱི་གཞི་རྩའི་འགྲན་རྩོད་ནུས་པའི་རྫོང་བརྒྱ་དང་། ཀྲུང་གོའི་དབུས་རྒྱུད་ཀྱི་རྫོང་དྲག་གྲས་བརྒྱ་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་རྫོང་དྲག་གྲས་བརྒྱ་བཅས་ཀྱི་དཔྱད་འདེམས་མིང་ཐོའི་ནང་རྒྱལ་ཡོངས་རིམ་པའི་དབུལ་པོའི་རྫོང17ཡོད་པ་རེད། སྣང་ཚུལ་དེ་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་བྱས་ཏེ་དབུལ་པོའི་ཞྭ་མོ་འབུད་དགོས་ངེས་ཀྱི་ཞྭ་མོ་འབུད་དགོས་པ་དང་། གཟིགས་སྐྱོང་ཞྭ་མོ་གཡོགས་མི་དགོས་མཁན་ལ་གཡོག་རྒྱུ་མེད།
—«ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད»(2012ལོའི་ཟླ12པའི་ཚེས29དང་ཚེས30ཉིན)
我看了一些材料,反映说2012年初,某省某县被确定为国家级贫困县,县政府网站上发布“特大喜讯”,热烈祝贺成功纳入国家集中连片特困地区。还有一个案例,说两个县争戴国家级贫困县帽子,落败的县长含着泪说,我们这次没有争取到贫困县的原因,是因为我们县真的太穷了。再有,有一个地方一直戴着国家扶贫开发工作重点县的帽子,其实2005年就进入全国百强县之列,2011年因媒体曝光,国家级贫困县资格才被取消。据说,第十一届全国县域经济基本竞争力百强县、中国中部百强县、中国西部百强县评比榜单上,竟有17个国家级贫困县。对这种现象,有关部门要研究一下,该摘帽子的就要摘,不该戴就不要戴,没什么好照顾的!
——在河北省阜平县考察扶贫开发工作时的讲话(2012年12月29日、30日)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།