«མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་ཐབས་ཀྱི་དམིགས་འབེན་ཡིན།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-25 08:16:12 ཀློག་གྲངས།:
       མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ང་ཚོས་གསལ་པོར་ཤེས་པ་ནི་མི་རེ་རེའི་སྟོབས་ཤུགས་ལ་ཚད་ཡོད་ཀྱང་། ང་ཚོ་མི་བརྒྱ་བློ་གཅིག་དང་དཔུང་པ་མཉམ་གཤིབ་བྱས་ན། ཁྱད་གསོད་བྱེད་མི་ཐུབ་པའི་དཀའ་ངལ་གང་ཡང་མེད། མི་རེ་རེའི་ལས་ཀའི་དུས་ཚོད་ལ་ཚད་ཡོད་ཀྱང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཚད་མེད་ཅིག་རེད། འགན་འཁྲི་རི་ལས་ལྕི་བ་དང་ལས་དོན་སྒྲུབ་ཡུན་རིང་བས། ང་ཚོས་ངེས་པར་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། ཉིན་མཚན་ལྟོས་མེད་དུ་བསྒྲུབ་བྱའི་ལས་དོན་ལ་གཞོལ་ནས་ལོ་རྒྱུས་དང་མི་དམངས་ལ་ཚད་གཞི་ལོངས་པའི་རྒྱུགས་འབྲས་ཤིག་སྤྲོད་དགོས།
—«མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་ཐབས་ཀྱི་དམིགས་འབེན་ཡིན།» (༢༠༡༢ལོའི་ཟླ༡༡ཚེས༡༥ཉིན།) ཞི་ཅིན་ཕིང་གི«འཕེལ་རྒྱས་ཀྱི་དུས་རིམ་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་བཅས་ཀྱི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༡ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༣པ།
       人民群众是我们力量的源泉。我们深深知道,每个人的力量是有限的,但只要我们万众一心、众志成城,就没有克服不了的困难;每个人的工作时间是有限的,但全心全意为人民服务是无限的。责任重于泰山,事业任重道远。我们一定要始终与人民心心相印、与人民同甘共苦、与人民团结奋斗,夙夜在公,勤勉工作,努力向历史、向人民交出一份合格的答卷。
《人民对美好生活的向往,就是我们的奋斗目标》(2012年11月15日) 习近平《论把握新发展阶段、贯彻新发展理念、构建新发展格局》中央文献出版社2021年版 第23页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།