«མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-21 07:57:13 ཀློག་གྲངས།:
       འགན་འཁྲི་ཚང་མས་འཁུར་དགོས་ཀྱང་ཁྱད་པར་ཡོད་པའི་རྩ་དོན་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རིམས་ནད་འགོག་བཅོས་དང་། དཔལ་འབྱོར་གོང་སྤེལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད། ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་ཏེ། དེའི་དམིགས་བསལ་དཀའ་ངལ་དང་དོ་ཁུར་བྱ་ཡུལ་ལ་གཟིགས་སྐྱོང་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔར་ལས་ཆེ་བའི་བློ་སྟོབས་དང་བྱ་སྤྱོད་སྟོན་དགོས་པ་དང་། དུས་མཚུངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆོད་སེམས་ཆེ་རུ་གཏོང་བར་རོགས་རམ་ཏན་ཏིག་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་། ལྗང་མདོག་ཉོ་ཚོང་བཀག་ཆ་ལས་གཡོལ་ཐབས་བྱས་ནས་ཁོ་ཚོར་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་མགྱོགས་སུ་གཏོང་རོགས་བྱེད་དགོས།
—«མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།» (༢༠༢༡ལོའི་ཟླ༤ཚེས༢༢ཉིན།) «ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་གཅེས་བསྒྲིགས།»པོད་གཉིས་པ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༤༦པ།
  共同但有区别的责任原则是全球气候治理的基石。发展中国家面临抗击疫情、发展经济、应对气候变化等多重挑战。我们要充分肯定发展中国家应对气候变化所作贡献,照顾其特殊困难和关切。发达国家应该展现更大雄心和行动,同时切实帮助发展中国家提高应对气候变化的能力和韧性,为发展中国家提供资金、技术、能力建设等方面支持,避免设置绿色贸易壁垒,帮助他们加速绿色低碳转型。
—《共同构建人与自然生命共同体》(2021年4月22日),《习近平外交演讲集》第二卷,中央文献出版社2022年版,第346页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།