«ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-01-08 08:21:22 ཀློག་གྲངས།:
       དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། དཔལ་འབྱོར་འཛུགས་སྐྲུན་ནི་རྒྱལ་སྲུང་འཛུགས་སྐྲུན་གྱི་གཞིརྩའི་རྟེན་གཞི་ཡིན་ཞིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་སོང་ན། ད་གཟོད་རྒྱལ་སྲུང་འཛུགས་སྐྲུན་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ། རྒྱལ་སྲུང་འཛུགས་སྐྲུན་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཡིན། རྒྱལ་སྲུང་འཛུགས་སྐྲུན་གོང་དུ་སྤེལ་ཐུབ་ན། དཔལ་འབྱོར་འཛུགས་སྐྲུན་ལ་གཞི་ནས་སྔར་ལས་སྲ་ཞིང་བརྟན་པའི་བདེ་འཇགས་འགན་སྲུང་བྱེད་ཐུབ་པ་དང་། དུས་མཚུངས་སུ་རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་ལས་དཔལ་འབྱོར་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་ཡང་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ལག་ལེན་གྱི་ཐོག་ནས་ཡང་ཡང་ར་སྤྲོད་བྱུང་དོན། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བར་གྱི་འབྲེལ་མབ་ཐག་གཅོད་ལེགས་པོ་མ་བྱུང་ན་འཁྱོག་ལམ་དུ་འགྲོ་བ་དང་དཀའ་སྡུག་མང་པོ་མྱོང་སྲིད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ༦༠ལྷག་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ༣༠ལྷག་སོང་བའི་རིང་གི་འཕེལ་རྒྱས་བརྒྱུད། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་ཆེ་རུ་ཕྱིན་པ་དེས་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དངོས་པོའི་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་མཐུན་རྐྱེན་དམ་འཛིན་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། རྒྱལ་སྲུང་སྟོབས་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་དུས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།
—«ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།» (༢༠༡༣ལོའི་ཟླ༣ཚེས༡༡ཉིན།)
  经济建设和国防建设的关系,是社会主义现代化建设必须正确认识和处理的重大课题。经济建设是国防建设的基本依托,只有国家经济实力增强了,国防建设才能有更大发展。国防建设是我国现代化建设的战略任务,只有把国防建设搞上去了,经济建设才能有更加坚强的安全保障,同时加强国防建设对经济社会发展也具有重要拉动作用。实践反复证明,经济建设和国防建设的关系处理不好,就会走弯路、吃苦头。经过新中国成立六十多年特别是改革开放三十多年来的发展,我国综合国力显著增强,这为建设巩固国防和强大军队奠定了雄厚物质基础。我们要抓住有利条件,加快推进国防和军队现代化,努力推动国防实力与经济实力同步发展。
—《努力建设一支听党指挥能打胜仗作风优良的人民军队》(2013年3月11日)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།