ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
«ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-22 09:02:38
ཀློག་གྲངས།:
ངེས་པར་དུ་ཞང་ཀང་གི་ཐུན་མོང་མ་ཡིན་པའི་གོ་གནས་དང་དགེ་མཚན་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གིས་ཞང་ཀང་གི་ལས་དོན་ཐག་གཅོད་བྱེད་སྐབས། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བསམ་གཞིགས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་ཞང་ཀང་གི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དེ་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་སར་འཛིན་གྱིན་ཡོད། ཞང་ཀང་གི་རྩ་བའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་གཅིག་མཐུན་ཡིན་ལ། ཀྲུང་དབྱང་སྲིད་གཞུང་གི་སེམས་པ་ནི་སྤུན་ཟླ་ཞང་ཀང་བའི་སེམས་པ་དང་ཡོངས་སུ་འབྲེལ་ཡོད། མེས་རྒྱལ་ལ་རྒྱབ་རྟེན་བཅོལ་ཞིང་འཛམ་གླིང་དང་སྦྲེལ་མཐུད་བྱེད་པ་ནི་ཞང་ཀང་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་མངོན་གསལ་ཞིག་ཡིན་པས། ཞང་ཀང་སྡོད་དམངས་ཀྱིས་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་དབྱང་གིས་དེ་བཞིན་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་གིས་དུས་ཡུན་རིང་པོར་དམིགས་བསལ་གྱི་གོ་གནས་དང་དགེ་མཚན་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དུ་གཏོང་བ། རང་མོས་སྒོ་འབྱེད་ཚད་ལྡན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྲུང་སྐྱོང་། བཅའ་ཁྲིམས་དཀྱུས་མའི་ལམ་ལུགས་མཐའ་འཁྱོངས། ཐོགས་མེད་སྟབས་བདེའི་རྒྱལ་སྤྱིའི་འབྲེལ་བ་རྒྱ་སྐྱེད་གཏོང་བ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱས་ཀྱི་འཕེལ་རིམ་ནང་ཞང་ཀང་གིས་བྱས་རྗེས་ཆེན་པོ་འཇོག་ངེས་པ་ཀྲུང་དབྱང་ལ་ཡིད་ཆེས་ཡོད།
—«ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།» (༢༠༢༢ལོའི་ཟླ༧ཚེས༡ཉིན།) མི་དམངས་དཔེ་སྐྲུན་ཁང་གི་རྒྱ་ཡིག་པར་གཞིའི་དེབ་རྐྱང་མ། ཤོག་ངོས༧པ།

必须保持香港的独特地位和优势。中央处理香港事务,从来都从战略和全局高度加以考量,从来都以国家和香港的根本利益、长远利益为出发点和落脚点。香港的根本利益同国家的根本利益是一致的,中央政府的心同香港同胞的心也是完全连通的。背靠祖国、联通世界,这是香港得天独厚的显著优势,香港居民很珍视,中央同样很珍视。中央政府完全支持香港长期保持独特地位和优势,巩固国际金融、航运、贸易中心地位,维护自由开放规范的营商环境,保持普通法制度,拓展畅通便捷的国际联系。中央相信,在全面建设社会主义现代化国家、实现中华民族伟大复兴的历史进程中,香港必将作出重大贡献。
—《在庆祝香港回归祖国二十五周年大会暨香港特别行政区第六届政府就职典礼上的讲话》(2022年7月1日),人民出版社单行本,第7页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།