• ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད།

    ནན་པོའི་དགོངས་གཞི་གཙོ་བོ་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་།སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་།དུས་རབས་རང་བཞིན།ཁ་གཏད་རང་བཞིན་ཇེ་མཐོར་གཏོང་དགོས།ངེས་པར་དུ་ཆབ་སྲིད་སྒྲིག་ལམ་ལག་བསྟར་བྱས་ཏེ་སྒྲིག་ལམ་སྣ་ཚོགས་ཁྱོན་ཡོངས་ནས་གཟབ་ནན་ཡོང་བ་དང་ནན་པོ་མཐར་ཕྱིན་བྱེད་པར་སྐུལ་ཁྲིད་བྱེད་དགོས།སྒྲིག་ལམ་ཁྲིམས་ལས་དམ་པ་དང་སྒྲིག་བསྟར་ཁྲིམས་བསྟར་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།“རྣམ་པ་བཞིའི”སྲིད་ཇུས་དང་ཐབས་ཇུས་བཀོལ་སྤྱོད་གཏིང་ཟབ་བྱས་ནས།སྒྲིག་བསྟར་ངེས་པར་ནན་དགོས་པ་དང་སྒྲིག་འགལ་ངེས་པར་རྩད་བཅད་དེ།དམ་ནན་གྱི་སྒྲིག་ལམ་ལ་བརྟེན་ནས་ཏང་གི་དམིགས་འབེན་གཅིག་གྱུར་དང་།མཐུན་སྒྲིལ་གཅིག་གྱུར།གོམ་འགྲོས་གཅིག་གྱུར་ཡོང་བར་འགན་སྲུང་བྱེད་དགོས།...

    2024-05-29 08:26:02 མཚོ་སྔོན་པོ་དྲ་བ། 6506
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མགོ་རྩོམ་སྐབས་གནང་བའི་གསུང་བཤད་གལ་ཆེན།

    ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ཁྲོད་དུ།ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཁྲིམས་སྲོལ་ནི་ཆེས་རྩ་བ་དང་ཆེས་གལ་ཆེ་བས་ན།དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་རྒྱུད་སྐུད་འདི་ལྷོད་མི་རུང་ལ།ཡིན་མིན་ཆེན་པོའི་མདུན་དང་ཆབ་སྲིད་རྩ་དོན་གྱི་གནད་དོན་ཐད་ཀླད་པ་ལྷག་པར་གསལ་བོ་བྱེད་པ་དང་ལངས་ཕྱོགས་ལྷག་པར་བརྟན་པོ་ཡོང་བར་བྱེད་པ་ལས།ངོ་གཉིས་ཕྱོགས་ཁག་དང་ངོ་གཉིས་མ་གཏན་ནས་མི་བྱེད་པ་དང་།ཏང་གི་རྩ་དོན་ལ་བརྟེན་ནས་ཉོ་ཚོང་གཏན་ནས་མི་བྱེད་པ།“ཡོད་པ་བདུན”གྱི་ལད་མོ་གཏན་ནས་མི་བྱེད།...

    2024-05-28 08:26:40 མཚོ་སྔོན་པོ་དྲ་བ། 6563
  • ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གནང་བའི་སྙན་ཞུ།

    ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་སུ་ཤུགས་བསྣོན་པ་དང་།མགོ་ཁྲིད་ལས་བྱེད་པའམ་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གཅུན་ནན་མོ་དང་།རང་འགན་ནན་འཁུར།རང་ཁོངས་ནན་སྐྱོང་བྱེད་པར་སྐུལ་འདེད་བྱས་ཏེ།ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་ཚེ།གཅིག་བྱུང་ན་གཅིག་རྦད་དེ་ཐག་གཅོད་པ་དགོས།ཏང་གཤིས་དང་ཏང་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་ཆབས་ཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་བསམ་བློའི་ཐད་ནས་གཞི་བརྟན་སྟོབས་འཕེལ་ཡོང་བ་དང་།ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་འདེགས་པ།རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ།བཙན་ཕྱུག་སུས་ཀྱང་སླུ་མི་ཐུབ།།དབུལ་བོར་གྱུར་ཀྱང་བློ་མི་འགྱུར།།འཇིགས་ཟིལ་བསྟན་ཀྱང་མགོ་མི་སྒུར་ཞེས་པའི་སྒམ་བརླིང་གི་སྙིང་རུས་ཤིག་འཛོམས་དགོས།...

    2024-05-27 08:28:19 མཚོ་སྔོན་པོ་དྲ་བ། 6463
  • ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད།

    དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་སྣང་ཆེན་དང་།ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པར་མིག་དཔེ་སྟོན་པ།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཆེས་གཞི་རྩའི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་དུ་བརྩི་ཞིང་།ཏང་ཀྲུང་དབྱང་གི་ཇུས་གཅོད་བཀོད་སྒྲིག་རྦད་ཆོད་ཀྱིས་ལག་བསྟར་མཐའ་འཁྱོལ་བྱེད་དགོས།དུས་རྒྱུན་དུ་ཏང་ཀྲུང་དབྱང་དང་དཔེ་བསྡུར་ཚད་འཛིན་བྱེད་པ་དང་།རང་རྟོགས་ཀྱིས་བསམ་བློའི་ཐད་དང་ཆབ་སྲིད་ཀྱི་ཐད།བྱ་སྤྱོད་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་སྲུང་འཛིན་བྱེད་ཅིང་།དུས་ཐོག་ཏུ་ཐལ་སྐྱོན་ལ་ཡོ་བསྲང་བྱས་ཐོག་གཅོག་འཕྲི་མི་བྱེད་པ་དང་།འགྱུར་བ་མི་གཏོང་བ།བཟོ་ལྟ་མི་འཆོལ་བ་བཅས་བྱས་ཏེ།གང་འདོད་དེ་སྒྲུབ་དང་རང་ཐག་རང་གཅོད་གཏན་ནས་བྱ་མི་རུང་།...

    2024-05-24 08:27:01 མཚོ་སྔོན་པོ་དྲ་བ། 6415
  • ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད།

    སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི“སྐུལ་ལྕག”ལྟ་བུ་ཡིན་ལ།ཏང་ཡོན་དང་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་དང་བསྲུང་བྱ་ཡང་ཡིན་པས།སྒྲིག་ཁྲིམས་འཛུགས་སྐྱོང་སྔར་ལས་ཁྱད་དུ་འཕགས་པའི་གོ་གནས་སུ་བཞག་སྟེ།ཏང་གི་སྒྲིག་སྲོལ་གཏན་འབེབས་དང་ཏང་གི་སྒྲིག་ཁྲིམས་སློབ་གསོ།སྒྲིག་བསྟར་ལྟ་སྐུལ་བཅས་ཀྱི་གོ་རིམ་ཧྲིལ་བོར་བླང་བྱ་ནན་མོ་ལག་བསྟར་བྱས་ཏེ།རྣོ་ལྕགས་ལྟ་བུའི་སྒྲིག་ལམ་གྱི“སོ་ཁ་རྣོ”ཞིང་ཟིལ་ཤུགས་མངོན་དགོས་པར་མ་ཟད།ལས་བྱེད་པ་རྣམས་ཀྱིས་མཐོང་ཆེན་དང་དོགས་ཟོན།ཚོད་ཟིན་བཅས་བྱེད་ཤེས་པར་ཡང་བྱས་ནས་ཏང་ཡོངས་སུ་སྒྲིག་ཁྲིམས་བརྩི་སྲུང་གི་རང་རྟོགས་མཐོན་པོ་ཡོད་པར་བྱེད་དགོས།གུང་ཁྲན་ཏང་ཡོན་རེ་རེ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་རེ་རེས་ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོར་བཅངས་ཏེ།སྔར་ལས་རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་།ཏང་གི་སྒྲིག་ཡིག་བརྩི་སྲུང་།ཏང་གི་སྒྲིག་ཡིག་ལག་བསྟར།ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ནས།ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་ཀྱིས་རང་གི་གཏམ་སྤྱོད་ཡོད་ཚད་ལ་ཚོད་འཛིན་བྱེད་པ་དང་།སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།ལྟ་སྐུལ་དང་ཚོད་འཛིན་ཐེབས་པའི་ཁོར་ཡུག་འོག་ཏུ་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བའི་གོམས་སྲོལ་སྔར་ལས་ལོབས་པར་བྱེད་དགོས།...

    2024-05-23 08:28:57 མཚོ་སྔོན་པོ་དྲ་བ། 6568
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ༩༠ལོན་པའི་དགའ་སྟོན་ཚོགས་ཆེན་དང༢༠༢༣ལོའི་དཔྱིད་དུས་སློབ་སྐབས་མགོ་རྩོམ་པའི་བྱེད་སྒོའི་སྟེང་གི་གསུང་བཤད།

    རིམ་པ་སོ་སོའི་ཏང་གི་སློང་གྲྭས་ཏང་གཤིས་སློབ་གསོ་ནི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཟུང་སྟེ།བསམ་བློའི་འདུ་ཤེས་དང་ཏང་གི་དམིགས་འབེན།“ལོ་རྒྱུས་བཞི།”གསར་བརྗེའི་སྲོལ་རྒྱུན།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་།ཏང་སྲོལ་སྲིད་གཙང་སོགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ཤིང་།ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ།ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་དང་སློབ་གསོ་དེ་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་དུ་བཞག་སྟེ།མགོ་ཁྲིད་ལས་བྱེད་པའི་བསམ་བློའི་གོ་རྟོགས་དང་བསམ་པའི་རྟོགས་པ།ཀུན་སྤྱོད་བློ་སྦྱོང་བཅས་མུ་མཐུད་དུ་ཇེ་མཐོར་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་བྱས་ཏེ།དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ།ལས་དོན་ལྟ་བ་ཡང་དག་པ་ཞིག་བཙུགས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་སྲུང་འཛིན་བྱེད་དགོས།...

    2024-05-22 08:24:56 མཚོ་སྔོན་པོ་དྲ་བ། 6483
  • ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད།

    ཏང་གཤིས་དང་ཏང་སྲོལ།ཏང་གི་སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་པའི་སྒོ་ནས་སྤེལ་བ་དང་།ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་ལེགས་པོ་རྒྱུན་འཛིན་བྱེད་པ།གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་ཕུགས་བསམ་འཚོལ་སྙེག་ལ་ངར་ཤུགས་བསྐྱེད་དེ།དབང་ཆར་བརྟེན་ནས་སྒེར་དོན་བསྒྲུབ་པ་དང་ལྐོག་རྔན་རུལ་སུངས་ནི་ངོ་ཚ་ཆེས་ཆེ་བ་ཡིན་པ་ཤེས་དགོས།ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ།ཁྱིམ་སྲོལ་ལ་དོ་སྣང་བྱེད་དགོས་ལ།མགོ་ཁྲིད་ལས་བྱེད་པས་ཤ་ཉེ་དང་བུ་བུ་མོར་དོ་དམ་ནན་མོ་བྱེད་པར་ལྟ་སྐུལ་བྱེད་དགོས།སྲིད་གཙང་འདུ་ཤེས་དང་སྲིད་གཙང་དཔེ་ལེགས་དྲིལ་སྒྲོག་ཧུར་ཐག་བྱས་ནས་སྤྱོད་གཙང་ལ་བརྩི་མཐོང་དང་རུལ་སུངས་བཀག་འགོག་གི་སྲོལ་བཟང་འཛུགས་དགོས།...

    2024-05-21 08:25:57 མཚོ་སྔོན་པོ་དྲ་བ། 6362
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་སྙན་སེང་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན།

    དངོས་གཉེར་གྱི་སྤྱོད་ཚུལ་དང་སྲིད་གཙང་གི་སྤྱོད་ཚུལ།བབ་ཆགས་ཀྱི་སྤྱོད་ཚུལ་བཅས་རྒྱ་ཆེར་དར་སྤེལ་གཏོང་བ་དང་།རང་ཉིད་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ།ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཡག་པོར་སྤེལ་བར་སྒྲིག་འཛུགས་བྱེད་དགོས།...

    2024-05-20 08:26:20 མཚོ་སྔོན་པོ་དྲ་བ། 6312
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མགོ་རྩོམ་སྐབས་གནང་བའི་གསུང་བཤད་གལ་ཆེན།

    རང་རྟོགས་ཀྱིས་ཏང་ལ་བློ་དཀར་ཞིང་གཞུང་དྲང་བའི་མིག་དཔེའི་ལག་ལེན་པ་ཞིག་བྱས་ཏེ།དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དང་དོད་བྱེད་ཅིང་།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རིམ་གྱིས་མཐོ་རུ་འདེགས་དགོས་ཤིང་།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་དམ་སྲུང་བྱེད་པ།སྐད་ཆ་དྲང་མོར་བཤད་པ་དང་བྱ་བ་དྲང་མོར་སྒྲུབ་པ།མི་དྲང་མོ་ཞིག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་རྒྱུན་སྲུང་བྱེད་དགོས།...

    2024-05-17 07:53:18 མཚོ་སྔོན་པོ་དྲ་བ། 6410
  • ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ལེགས་སྒྲུབ་ལ་སྒྲིག་འཛུགས་བྱས་ཏེ།ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སློབ་པ་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་དམ་པ།སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་།མགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་བཙུགས་ནས།དྲང་གཞག་ངང་དབང་ཆ་སྤྱོད་པ་དང་།ཁྲིམས་ལྟར་དབང་ཆ་སྤྱོད་པ།དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ།སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ལ་སྐུལ་འདེད་གཏོང་དགོས།...

    2024-05-16 07:56:07 མཚོ་སྔོན་པོ་དྲ་བ། 6435
  • ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ།ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་དངོས་གནས་ཆབ་སྲིད་རང་རྟོགས་དང་།བསམ་བློ་རང་རྟོགས།བྱ་སྤྱོད་རང་རྟོགས་ཡོང་བར་བསྒྱུར་དགོས།...

    2024-05-15 07:53:06 མཚོ་སྔོན་པོ་དྲ་བ། 6308
  • «དམག་འཁྲུག་གི་མཛུབ་སྟོན་གནད་དོན་སྐོར།»

    གནས་བབ་ཇི་ལྟར་འཕེལ་རྒྱས་བྱུང་རུང་།མི་དམངས་དམག་འཁྲུག་ཅེས་པའི་ཐབས་མཆོག་འདི་ནམ་ཡང་འདོར་མི་རུང་།འོན་ཀྱང་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་མི་དམངས་དམག་འཁྲུག་གི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་བྱས་ཏེ།ནང་དོན་དང་བྱེད་སྟངས་དང་བྱེད་ཐབས་བཅས་གསར་གཏོད་བྱེད་པ་དང་།མི་དམངས་དམག་འཁྲུག་གི་སྤྱིའི་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས།...

    2024-05-14 07:57:35 མཚོ་སྔོན་པོ་དྲ་བ། 6276
  • «ཀྲུང་དབྱང་དམག་ཨུའི་ཏང་འཛུགས་སྐྲུན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)»

    དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ནི་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ལམ་ལུགས་ཡིན་པས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།...

    2024-05-13 08:19:51 མཚོ་སྔོན་པོ་དྲ་བ། 6312
  • «ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»

    དུས་བདེ་ནི་མི་སེར་གྱི་ལྟོ་གོས་གཉིས་འཛོམས་བྱུང་རྗེས་ཀྱི་དགོས་མཁོ་ཨང་དང་པོ་ཡིན་པ་དང་།དམངས་འཚོ་ཤིན་ཏུ་གལ་ཆེན་ཞིག་ཡིན་ལ་ཆེས་གཞི་རྩར་གྱུར་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཀྱང་ཡིན།...

    2024-05-11 08:04:41 མཚོ་སྔོན་པོ་དྲ་བ། 6128
  • «སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་གནང་བའི་གསུང་བཤད།»

    སྤྱི་པའི་བདེ་འཇགས་གང་སར་གནས་ཡོད།སྤྱི་པའི་བདེ་འཇགས་སྲུང་སྐྱོབ་བྱེད་པ་ལ་ངེས་པར་དུ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་རྒྱུའི་ཐད་ནས་འགོ་འཛུགས་པ་དང་།བསམ་ཕྱོགས་འདུ་ཤེས་དང་།བྱ་ཐབས་བྱེད་སྟངས།སྒྲིག་སྲོལ་ལམ་སྲོལ་བཅས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་པའི་བདེ་འཇགས་མ་ལག་གང་མགྱོགས་ཆ་ཚང་དུ་གཏོང་དགོས།...

    2024-05-10 08:16:10 མཚོ་སྔོན་པོ་དྲ་བ། 6233
  • «སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་གནང་བའི་གསུང་བཤད།»

    ཟས་རིགས་དང་སྨན་རྫས་བདེ་འཇགས་ནི་མི་རེ་རེའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད།དེས་ན་ཚད་གཞི་ཆེས་ནན་པོ་དང་།ལྟ་སྐུལ་དོ་དམ་ཆེས་གཟབ་ནན།ཆད་གཅོད་ཆེས་བཙན་པོ།འགན་འདྲི་ཆེས་ནན་ཏན་བཅས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ལྕེ་རྩེའི་བདེ་འཇགས་འགན་ལེན་བྱེད་དགོས།...

    2024-05-09 07:55:17 མཚོ་སྔོན་པོ་དྲ་བ། 6068
  • «ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»

    སྤྱི་པའི་བདེ་འཇགས་དོན་རྐྱེན་དེ་ཕྱོགས་གཅིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་ཡོད་པ་དང་།ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་ཡོད་པས་ཉེན་བརྡ་ཡུན་རིང་གཏོང་བ་དང་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་།དོན་རྐྱེན་སྔོན་འགོག་དང་ཉུང་དུ་བཏང་ནས་སྤྱི་པའི་བདེ་འཇགས་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།...

    2024-05-08 08:03:25 མཚོ་སྔོན་པོ་དྲ་བ། 6152
  • «རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་འགའ་ཞིག»

    རང་རྒྱལ་གྱི་ཐོན་ལས་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་འགན་སྲུང་བྱེད་ཆེད།རང་བརྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློས་འགེལ་ཆོག་པའི་ཐོན་ལས་མུ་ཕྲེང་ནུས་ཤུགས་ཡོད་རྒུས་གཏོད་པ་དང་།ཐོན་རྫས་གལ་ཆེན་དང་འདོན་སྤྲོད་ཐབས་ལམ་ཚང་མར་ཉུང་མཐར་ཡང་ཚབ་བྱེད་ཡོང་ཁུངས་གཅིག་རེ་ཡོད་པ་བརྩོན་ལེན་བྱས་ནས་དགོས་ངེས་ཀྱི་ཐོན་ལས་གྲབས་ཉར་མ་ལག་ཆགས་པ་བྱེད་དགོས།...

    2024-05-07 07:50:48 མཚོ་སྔོན་པོ་དྲ་བ། 6178
  • «ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»

    ཚན་རྩལ་གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན།གལ་ཏེ་སྐེ་བཙིར་བའི་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཐད་གང་མགྱོགས་འགག་སྒྲོལ་བྱེད་མ་ཐུབ་ན།ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་རང་དབང་རང་ལག་ཏུ་དམ་པོར་འཛིན་ཁག་པོ་རེད།...

    2024-05-06 08:08:40 མཚོ་སྔོན་པོ་དྲ་བ། 6076
  • «རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།»

    སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་དང་།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན།“ཆུ་མ་ཡོང་གོང་གི་རགས།དགྲ་མ་ཡོང་གོང་གི་དོགས”ཟེར་བ་ལྟར།ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་།སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་རིགས་སྣ་ཚོགས་སྤུངས་གསོག་དང་ཁྱབ་འབྱམས་འགྲོ་བར་བཀག་འགོག་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་འགྲན་སློང་མི་འདྲ་བ་ཚང་མར་ཁ་གཏད་གཅོག་རྒྱུའི་སྟ་གོན་ཡག་པོ་བྱེད་དགོས།...

    2024-04-30 07:55:56 མཚོ་སྔོན་པོ་དྲ་བ། 6144
  • «མཉམ་ལས་གསར་གཏོད་དང་ཁྲིམས་སྐྱོང་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱེད་དགོས།»

    རྒྱལ་ཁབ་ཁག་གིས་ཐུན་མོང་དང་།ཕྱོགས་བསྡུས།མཉམ་ལས།རྒྱུན་མཐུད་ཐུབ་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་བདེ་འཇགས་ལྟ་བ་འཛུགས་དགོས་པ་དང་།མཉམ་ལས་ཀྱིས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་འདུ་ཤེས་བཅངས་ཏེ་མཉམ་ལས་ལ་བརྟེན་ནས་བདེ་འཇགས་དོན་གཉེར་དང་བརྟན་བརླིང་དོན་གཉེར།བདེ་འཇགས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་།རྒྱལ་ཁབ་ཁག་གི་མི་དམངས་ལ་རྒྱུན་ཆགས་ཀྱི་བདེ་འཇགས་དང་བརྟན་བརླིང་གི་ཁོར་ཡུག་ཧུར་ཐག་སྒོས་སྐྲུན་དགོས།...

    2024-04-29 07:49:33 མཚོ་སྔོན་པོ་དྲ་བ། 6025
  • «ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།»

    བདེ་བར་སྡོད་དུས་ཉེན་ཁ་བརྗེད་མི་ཉན་ལ།རྒྱལ་ཁབ་བདེ་འཇགས་ཡིན་དུས་ཟིང་ཆ་བརྗེད་མི་ཉན།ང་ཚོར་ཞི་བདེ་སྲུང་སྐྱོབ་དང་བདེ་འཇགས་སྲུང་སྐྱོང་།དམག་འཐབ་ཟིལ་གནོན་བཅས་ཀྱི་བྱེད་ཐབས་དང་གདམ་ག་མང་པོ་ཡོད་མོད།འོན་ཀྱང་དམག་དོན་གྱི་བྱེད་ཐབས་ནི་སྔ་ཕྱི་བར་གསུམ་དུ་མ་མཐའི་བྱེད་ཐབས་ཡིན།...

    2024-04-28 08:01:18 མཚོ་སྔོན་པོ་དྲ་བ། 6087
  • «རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་རང་དབང་རང་ལག་ཏུ་དམ་པོར་འཛིན་དགོས།»

    ཆབ་སྲིད་ཀྱི་བདེ་འཇགས་དང་དཔལ་འབྱོར་གྱི་བདེ་འཇགས།རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས།སྤྱི་ཚོགས་བདེ་འཇགས།དྲ་རྒྱའི་བདེ་འཇགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བདེ་འཇགས་ལས་ཀ་གཙིགས་སུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས།...

    2024-04-26 07:50:25 མཚོ་སྔོན་པོ་དྲ་བ། 5994
  • «ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»

    ང་ཚོས་ཞིབ་འཇུག་གང་མགྱོགས་བྱེད་པ་དང་།མ་དངུལ་འཇོག་གྲངས་མང་དུ་གཏོང་བ།འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་རྒྱལ་དུ་བདེ་འཇགས་འགན་སྲུང་བྱེད་ནུས་དང་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་བ་དང་།ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་བདེ་འཇགས་སྲུང་སྐྱོབ་བྱེད་པ།རང་རྒྱལ་གྱི་ཕྱི་རྒྱལ་དུ་ཡོད་པའི་དངུལ་རྩ་དང་།རྡོ་སྣུམ།གཏེར་རྫས།མཚོ་ཐོག་སྐྱེལ་འདྲེན།ཚོང་ལས་ཀྱི་ཁེ་ཕན་གཞན་དག་བཅས་སྲུང་སྐྱོབ་བྱེད་དགོས།...

    2024-04-25 07:18:27 མཚོ་སྔོན་པོ་དྲ་བ། 5925
  • རྒྱལ་ཡོངས་མཐའ་སྲུང་མཚོ་སྲུང་ལས་དོན་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད།

    རྒྱལ་ཁབ་བདག་དབང་དང་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ།མཐའ་མཚམས་དོ་དམ་ཚོད་འཛིན་དང་མཚོ་ཐོག་གི་དབང་ཆ་སྲུང་སྐྱོང་བྱ་སྤྱོད་སྒྲིག་འཛུགས་ཞིབ་ཚགས་བྱེད་ཅིང་།མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ།མཐའ་སྲུང་མཚོ་སྲུང་གི་ལྕགས་རི་བརྟན་པོ་རྩིག་དགོས།...

    2024-04-24 07:57:33 མཚོ་སྔོན་པོ་དྲ་བ། 6108

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།