-
[ཉིན་རེའི་ཞལ་གསུང་།]
«རང་རྒྱལ་གྱི་དཔལ་འབྱོར་དེ་མྱུར་ཚད་མགྱོགས་པོའི་ངང་འཕར་སྣོན་ཡོང་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ལ་སླེབས་ཡོད།»
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་དང་།དཔལ་འབྱོར་སྲིད་ཇུས་གཏན་འབེབས།སྤྱི་ཁོག་སྙོམ་སྒྲིག་ལག་བསྟར་བཅས་བྱེད་པའི་ཕྱོགས་ཀྱི་རྩ་བའི་བླང་བྱ་ཡིན་པས།སྲིད་ཇུས་མ་ལག།ཚད་གཞིའི་མ་ལག།བསྡོམས་རྩིས་མ་ལག།བྱས་འབྲས་གདེང་འཇོག།སྲིད་འབྲས་དཔྱད་ཞིབ་བཅས་མགྱོགས་པོར་ཆགས་པར་བྱེད་དགོས་པ་དང་།ལམ་ལུགས་ཀྱི་ཁོར་ཡུག་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་སྟེ།རང་རྒྱལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་གྱུར་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་སྐྱེད་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།...
2024-07-15 08:38:59 མཚོ་སྔོན་པོ་དྲ་བ། 7468 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད།»
མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན་ལ།མི་དམངས་ནི་དཔའ་བོ་ངོ་མ་ཡིན།བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དེབ་ཐེར་ནི་ཀྲུང་གོའི་མི་དམངས་ཀྱིས་བྲིས་པ་རེད་ཨང་།རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་གོའི་མི་དམངས་ཀྱིས་བསྐྲུན་པ་རེད་ཨང་།ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་ཉམས་མེད་ཀྱི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱིས་བསྐྲུན་པ་རེད་ཨང་།ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་འཕུར་མཆོང་རླབས་པོ་ཆེ་བསུ་རྒྱུ་བྱུང་བ་ནི་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་བྱས་ནས་ཐོབ་པ་རེད།...
2024-07-12 06:58:58 མཚོ་སྔོན་པོ་དྲ་བ། 7438 -
[ཉིན་རེའི་ཞལ་གསུང་།]
«ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།»
གྲོང་གསེབ་དར་རྒྱས་གཏོང་བར་གྲོང་གསེབ་ཁོ་ནར་དམིགས་ནས་གྲོང་གསེབ་གླེང་མི་རུང་བར་ད་དུང་བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་།གྲོང་ཁྱེར་ལ་བརྟེན་ནས་གྲོང་གསེབ་གོང་སྤེལ་བཏང་ནས།བཟོ་ཞིང་ཕན་ཚུན་སྐུལ་འདེད་དང་།གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས།མཐུན་སྦྱོར་ངང་གོང་འཕེལ།མཉམ་དུ་དར་རྒྱས་ཡོང་བ་བཅས་ཀྱི་བཟོ་ཞིང་བར་གྱི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས།...
2024-07-11 13:11:19 མཚོ་སྔོན་པོ་དྲ་བ། 7516 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ༡༠༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།»
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པ་དང་།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་དགོས་པ།མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས་པ།ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་དགོས་པ།མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་པ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་དགོས་པ།བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་དགོས་པ།སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས་པ།འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ།མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དུ་སྔར་བས་མིག་མཐོང་ལག་ཟིན་གྱི་འཕེལ་སྐྱེད་ལོན་པ་བྱེད་དགོས།...
2024-07-10 06:42:01 མཚོ་སྔོན་པོ་དྲ་བ། 7433 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད།»
ང་ཚོས་ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་།མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས།ཁེངས་སྐྱུང་གི་སྒོ་ནས་མི་དམངས་ལ་སློབ་སྦྱོང་དང་།མི་དམངས་ཀྱི་རེ་འབོད་ལ་ཉན་པ།མི་དམངས་ཀྱི་བློ་གྲོས་བསྡུ་ལེན་བཅས་བྱེད་པ་དང་།མི་དམས་ཀྱི་བརྩི་བཀུར་ཐོབ་མིན་དང་།མོས་མཐུན་བྱེད་མིན།དགའ་པོ་བྱེད་མིན།ཁས་ལེན་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་འཇལ་བྱེད་ཀྱི་རྩ་བའི་ཚད་གཞིར་འཛིན་པ།མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཤུགས་བརྒྱབ་ནས་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས།ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ནང་དུ་བདེ་སྐྱིད་དང་གཟི་བརྗིད་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་དགོས།...
2024-07-09 07:56:25 མཚོ་སྔོན་པོ་དྲ་བ། 7374 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༦༥འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གི་གསུང་བཤད།»
མ་འོངས་པར་ཁ་ཕྱོགས་ཚེ་ང་ཚོས་ངེས་པར་དུ་མི་དམངས་དང་མཉམ་དུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་དགོས།མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན་པས།ང་ཚོས་མི་དམངས་ལ་ཉེ་བར་བརྟེན་པ་དང་།མི་དམངས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།མི་དམངས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་།མི་དམངས་ཀྱི་དོན་དུ་ལས་སྒྲུབ་ལས་གཏོད་དང་།མི་དམངས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་བཅས་བྱེད་དགོས།ང་ཚོས“མི་སེར་གྱིས་གང་བསམ་དེ་བསམ”བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།མི་དམངས་ཀྱི་བསམ་འདུན་ལ་ཉན་འཇོག་དང་མི་དམངས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་དང་།ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།སྲུང་སྐྱོང་ཡག་པོ།གོང་སྤེལ་ཡག་པོ་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་མཐའ་དག་གི་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་སར་བརྩིས་ཏེ།འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་ཐོགས་པར་བྱེད་དགོས།...
2024-07-08 13:35:47 མཚོ་སྔོན་པོ་དྲ་བ། 7328 -
[ཉིན་རེའི་ཞལ་གསུང་།]
«གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།»
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ནི་སྤྱི་མཚན་པ་ཙམ་དང་རྟོགས་དཀའ་བའི་གོ་དོན་ཞིག་མིན་ལ།ཁ་བཤད་ཙམ་གྱིས་མི་འཐུས་ལ་དྲན་ཤེས་ཙམ་གྱིས་མི་ཆོག་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིར་མངོན་པར་བྱེད་དགོས།མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་དང་།མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་སྨོན་འདུན་ལ་བསྟུན་པ།ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་།སྲུང་སྐྱོང་ཡག་པོ།གོང་སྤེལ་ཡག་པོ་བཅས་བྱས་ཏེ།མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་།མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ།འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་བྱེད་ཐུབ་དགོས།...
2024-07-05 11:08:28 མཚོ་སྔོན་པོ་དྲ་བ། 7204 -
ང་ཚོས་བདེན་སྲུང་གསར་གཏོད་ཀྱི་འདུ་ཤེས་བཙུགས་ནས་དེང་རབས་ཅན་གྱི་འཕེལ་རིམ་གྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱེད་དགོས།དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་།གནས་ཚུལ་གསར་པ།འགྲན་སློང་གསར་པ་བཅས་ཀྱི་མདུན་དུ།སྲིད་ཏང་གིས་འཁུར་ལེན་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ནས་བསམ་བློ་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་།སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་སེལ་བ།ཐབས་ལམ་ལེགས་སྒྱུར་བྱེད་ཐབས་འཚོལ་ཞིབ་བྱེད་པ།རིགས་པའི་གཞུང་ལུགས་དང་ལག་ལེན་ཐོག་གི་གསར་གཏོད་འགག་སྒྲོལ་རྒྱུན་ཆད་མེད་པར་མངོན་འགྱུར་བཅས་བྱས་ནས་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པའི་གསོན་ཤུགས་ཆེན་པོ་སྣོན་དགོས།ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས།ཁེ་དབང་དྲང་སྙོམས་དང་།གོ་སྐབས་དྲང་སྙོམས།སྒྲིག་སྲོལ་དྲང་སྙོམས་བཅས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བའི་འབད་བརྩོན་ཁྲོད་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།...
2024-07-04 08:31:36 མཚོ་སྔོན་པོ་དྲ་བ། 7166 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་།བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ།མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་བྱེད་པ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ།མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཡིན།...
2024-07-03 08:20:51 མཚོ་སྔོན་པོ་དྲ་བ། 7088 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
ད་ལྟ་ནས་བཟུང་།ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བར་བྱེད་པ་དང་།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།...
2024-07-02 08:29:47 མཚོ་སྔོན་པོ་དྲ་བ། 7237 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་།དམངས་གཙོའི་སྲིད་སྐྱོང་།ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་།དམངས་གཙོའི་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་བ།འགོ་ཁྲིད་བྱེད་སྟངས་གསར་གཏོད་དང་ལེགས་བཅོས་བྱས་ཏེ།ཏང་གིས་ཁ་ཕྱོགས་འཛིན་པ་དང་།ཁྱོན་ཡོངས་འཆར་འགོད།སྲིད་ཇུས་གཏན་འབེབས།བསྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་།ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་དགོས།...
2024-06-28 22:02:03 མཚོ་སྔོན་པོ་དྲ་བ། 7074 -
[ཉིན་རེའི་ཞལ་གསུང་།]
«ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།»
ད་ལྟ་ནི་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་རྒྱུར་ཐག་ཉེ་ཤོས་ཡིན་པ་དང་།དེ་འགྲུབ་རྒྱུའི་གདེང་ཚོད་དང་ནུས་པ་སྔར་བས་ཆེ་བ་ལྡན་ཡོད།ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།།དགུ་བཅུ་བཅད་པ་ལམ་ཕྱེད་ཙམ།།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་བདེ་བདེ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མ་ཡིན་པས།ཏང་ཡོངས་ཀྱིས་ངེས་པར་དུ་ཁག་འཁུར་དེ་བས་ལྗིད་པ་དང་དཀའ་ཚེགས་དེ་བས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས།...
2024-06-27 08:32:32 མཚོ་སྔོན་པོ་དྲ་བ། 7029 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།»
ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་།དམངས་གཙོས་སྲིད་སྐྱོང་།ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་།དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་བ།འགོ་ཁྲིད་བྱེད་སྟངས་གསར་གཏོད་དང་ལེགས་བཅོས་བྱས་ཏེ།ཏང་གིས་ཁ་ཕྱོགས་འཛིན་པ་དང་།ཁྱོན་ཡོངས་འཆར་འགོད།སྲིད་ཇུས་གཏན་འབེབས།བསྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་།ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས།...
2024-06-25 08:30:57 མཚོ་སྔོན་པོ་དྲ་བ། 7076 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།»
རྒྱུན་ཆད་མེད་པར་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ།ཏང་གི་འདོད་བློ་དག་ཁྲིམས་བཀོད་ཀྱི་ལས་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་སྒྱུར་མཁས་པོ་དང་།ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་གང་དེ་ཁྲིམས་བཀོད་ཀྱི་ལས་རིམ་བརྒྱུད་དེ་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་སྒྱུར་མཁས་པོ།རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་བརྟེན་ནས་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱ་རྒྱུ་ལག་བསྟར་བྱེད་མཁས་པོ།དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་ཏང་དང་རྒྱལ་ཁབ་ཀྱི་དབང་གྲགས་སྲུང་སྐྱོང་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་མཁས་པོ་བཅས་བྱེད་དགོས།...
2024-06-21 08:34:55 མཚོ་སྔོན་པོ་དྲ་བ། 7039 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»
ངས་ཐོག་མཐའ་བར་གསུམ་དུ་གནད་དོན་ཞིག་ལ་བསམ་གཞིགས་བྱེད་བཞིན་པ་ནི།ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་མིས་དམག་རྒྱག་ཐུབ་མིན་དེ་ཀྲུང་གོ་གསར་པ་དབུ་བརྙེས་ཚུལ་ཐོག་ནས་གསལ་བཤད་བྱས་ཡོད་པ་དང་།ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་མིས་འཛུགས་སྐྲུན་དང་འཕེལ་རྒྱས་དོན་དུ་གཉེར་ཐུབ་མིན་དེ་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་བཏང་ཚུལ་ཐོག་ནས་ཀྱང་གསལ་བཤད་བྱས་ཡོད་མོད།འོན་ཀྱང་།ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་མིས་ཉིན་རེ་བཞིན་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་འོག་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཐུབ་མིན་ལ་ད་དུང་ང་ཚོ་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་མུ་མཐུད་ལན་འདེབས་དགོས།...
2024-06-20 08:38:46 མཚོ་སྔོན་པོ་དྲ་བ། 7022 -
ཀྲུང་གོ་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པ་ནི་སྐབས་བསྟུན་གྱི་ཐབས་བཀོད་ཅིག་མ་ཡིན་ལ།ཕྱི་འབྲེལ་གྱི་ཁ་ཁྱེར་ནི་དེ་བས་ཀྱང་མ་ཡིན་པར།ལོ་རྒྱུས་དང་དངོས་ཡོད།འབྱུང་འགྱུར་བཅས་ལ་བརྡར་ཤ་བཅད་པའི་ཐོག་ནས་བྱུང་བའི་སྡོམ་ཚིག་ཡིན་པ་དང་།བསམ་བློའི་གདེང་ཚོད་དང་ལག་ལེན་གྱི་རང་རྟོགས་གཉིས་ཀྱི་གཅིག་གྱུར་དམ་ཚགས་ཡིན།ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ནི་ཀྲུང་གོར་ཕན་ཐོགས་ཡོད་པ་དང་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཡིན་པས།ང་ཚོར་ལག་ལེན་ལས་ཐར་ལམ་ཡིན་པར་བདེན་དཔང་བྱས་ཟིན་པའི་འགྲོ་ལམ་འདི་རྒྱུན་འཁྱོངས་མི་བྱེད་པའི་རྒྱུ་མཚན་གང་ཡང་མེད།...
2024-06-19 08:29:19 མཚོ་སྔོན་པོ་དྲ་བ། 6957 -
[ཉིན་རེའི་ཞལ་གསུང་།]
«དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་ལ་བསྟུན་ནས། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།»
རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཟབ་མོ་དང་རྒྱལ་ཁབ་ཁག་ཕྱར་བ་གྲུ་འདེགས་བྱེད་དགོས་པའི་ཕྱི་རོལ་ཡུལ་གྱི་བླང་བྱའི་མདུན་དུ།རྒྱལ་ཁབ་ཁག་གིས་མཉམ་དུ་མཉམ་ལས་མཉམ་རྒྱལ་ཡོང་བའི་རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་ཅན་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།...
2024-06-18 08:27:06 མཚོ་སྔོན་པོ་དྲ་བ། 7026 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་སྔར་ལས་ལྷག་པར་གཅིག་འདོམས་བྱས་ཏེ། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་རྒྱུའི་རྨང་གཞི་བརྟན་པོར་འདིང་དགོས།»
ཀྲུང་གོ་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་དགོས་ལ།རྒྱལ་ཁབ་གཞན་དག་ཀྱང་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་དགོས་པས།རྒྱལ་ཁབ་ཁག་ཚང་མ་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པ་ཡིན་ན་རྒྱལ་ཁབ་ཁག་གཞི་ནས་མཉམ་དུ་གོང་འཕེལ་ཡོང་ཐུབ་ལ།རྒྱལ་ཁབ་དང་རྒྱལ་ཁབ་བར་གཞི་ནས་ཞི་བདེ་མཉམ་གནས་ཡོང་ཐུབ།...
2024-06-17 09:51:55 མཚོ་སྔོན་པོ་དྲ་བ། 6975 -
[ཉིན་རེའི་ཞལ་གསུང་།]
«རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་སྔར་ལས་ལྷག་པར་གཅིག་འདོམས་བྱས་ཏེ། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་རྒྱུའི་རྨང་གཞི་བརྟན་པོར་འདིང་དགོས།»
ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པ་ནི་ང་ཚོའི་ཏང་གིས་དུས་རབས་ཀྱི་འཕེལ་ཕྱོགས་དང་རང་རྒྱལ་གྱི་རྩ་བའི་ཁེ་ཕན་གཞིར་བཟུང་ནས་འཐབ་ཇུས་ཀྱི་གདམ་གསེས་བྱས་པ་ཞིག་ཡིན།...
2024-06-14 06:54:11 མཚོ་སྔོན་པོ་དྲ་བ། 6906 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་ངོ༥༠འཁོར་བར་དྲན་གསོ་ཞུ་བའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།»
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་སྐུལ་འདེད་གཏོང་བ་ནི་ལམ་ལུགས་ཤིག་གིས་ལམ་ལུགས་གཞན་ཞིག་གི་ཚབ་བྱེད་པ་མིན་ལ།ཤེས་དཔལ་ཞིག་གིས་ཤེས་དཔལ་གཞན་ཞིག་གི་ཚབ་བྱེད་པའང་མ་ཡིན་པར་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་།འདུ་ཤེས་འཛིན་སྟངས་མི་འདྲ་བ།ལོ་རྒྱུས་རིག་གནས་མི་འདྲ་བ།འཕེལ་རྒྱས་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ལས་དོན་ནང་དུ་ཁེ་ཕན་མཉམ་གནས་དང་།ཁེ་དབང་མཉམ་སྤྱོད།འགན་འཁྲི་མཉམ་འཁུར་བཅས་བྱས་ཏེ།མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་མཐུན་ཆ་ཆེ་ཤོས་ཆགས་པར་བྱེད་པ་དེ་ཡིན།...
2024-06-13 08:33:56 མཚོ་སྔོན་པོ་དྲ་བ། 6883 -
ཞི་བདེའི་མེ་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་།གོང་འཕེལ་གྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཐོན་ཐུབ་པ།ཤེས་དཔལ་གྱི་གཟི་འོད་རབ་ཏུ་འབར་ཐུབ་པ་བཅས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྨོན་ཡིན་ལ།ང་ཚོ་མི་རབས་འདིའི་ཆབ་སྲིད་པ་རྣམས་ཀྱིས་འཁུར་འོས་པའི་འགན་འཁྲིའང་ཡིན།ཀྲུང་གོའི་ཇུས་གཞི་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་མཉམ་རྒྱལ་མཉམ་སྤྱོད་མངོན་འགྱུར་བྱ་རྒྱུ་དེ་ཡིན།...
2024-06-12 08:39:21 མཚོ་སྔོན་པོ་དྲ་བ། 6854 -
[ཉིན་རེའི་ཞལ་གསུང་།]
«དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་ལ་བསྟུན་ནས། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།»
འཛམ་གླིང་འདིར་རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་པའི་ཚད་སྔ་ན་མ་མཆིས་པར་གཏིང་ཟབ་ཏུ་སོང་ཡོད་པ་དང་།མིའི་རིགས་སའི་གོ་ལའི་གྲོང་ཚོ་རུ་འཚོ་ཞིང་གནས་ཡོད་ལ།ལོ་རྒྱུས་དང་དངོས་ཡོད་བསྣོལ་བའི་ཡུལ་དུས་སུ་འཚོ་བཞིན་ཡོད་ཅིང་།སྔར་བས་ཁྱོད་ང་ལ་འདྲེས་ཤིང་ང་ཁྱོད་ལ་འདྲེས་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཆགས་བཞིན་ཡོད།...
2024-06-11 08:38:11 མཚོ་སྔོན་པོ་དྲ་བ། 6726 -
[ཉིན་རེའི་ཞལ་གསུང་།]
«ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས།»
ངོགས་གཉིས་ཀྱི་ཕྱོགས་གཉིས་ཀས“གོ་གཉིས་ངོས་འཛིན་གཅིག་མཐུན”དང“ཐའེ་ཙན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་རྨང་གཞི་སྲ་བརྟན་དང་རྒྱུན་འཁྱོངས་བྱས་ཏེ།ཀྲུང་གོ་གཅིག་གི་སྒྲོམ་གཞིའི་ཐུན་མོང་གི་ངེས་ཤེས་ཟབ་སྤེལ་དང་སྲུང་སྐྱོང་བྱེད་དགོས།རྨང་གཞི་འདི་ནི་ངོགས་གཉིས་ཀྱི་འབྲེལ་བའི་གྲུ་འདོགས་ལྟ་བུ་ཡིན་ལ།གྲུ་འདོགས་བརྟན་པོར་ཚུགས་ན་གཞི་ནས་ཕྱོགས་ཀྱི་དྲག་རླུང་ཇི་ལྟར་ལྡང་ཡང་བག་ཡངས་ངང་བསྡད་ཆོག་པ་རེད།...
2024-06-07 08:32:39 མཚོ་སྔོན་པོ་དྲ་བ། 6769 -
[ཉིན་རེའི་ཞལ་གསུང་།]
«ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞུང་ཕྱོགས་སྐབས་ལྔ་པའི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས།དམིགས་བསལ་སྲིད་འཛིན་ས་ཁུལ་འདི་གཉིས་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོའི་ནང་སྲིད་འབའ་ཞིག་ཡིན་པས་ཕྱིའི་སྟོབས་ཤུགས་གང་ཞིག་ལའང་བཀའ་བཀོད་གཏོང་བའི་དབང་ཆ་མེད།ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འདོད་བློ་རྡོ་རྗེ་བྲག་ལྟར་འགྱུར་བ་མེད་པས།ང་ཚོས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཡང་རུང་བར་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་ཇུས་བྱེད་དུ་གཏན་ནས་འཇུག་མི་སྲིད།...
2024-06-06 08:25:28 མཚོ་སྔོན་པོ་དྲ་བ། 6675 -
[ཉིན་རེའི་ཞལ་གསུང་།]
«ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག་གནང་བའི་གསུང་བཤད།»
རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་འཛིན་པ་ནི་ལག་ལེན་དངོས་ཀྱི་ཐོག་ནས་ཞིབ་བཤེར་ཡང་ཡང་བྱས་པ་དང་།རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ།ཞང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་།མེས་རྒྱལ་གྱི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་།ཞང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ཀྱིས་མགྲིན་གཅིག་ཏུ་བརྩི་བཀུར་བྱས་ཤིང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་ཁས་ལེན་བྱས་ཡོད།ལམ་ལུགས་བཟང་པོ་འདི་ལྟ་བུ་ལ་འགྱུར་ལྡོག་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མེད་པས།ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།...
2024-06-05 08:30:45 མཚོ་སྔོན་པོ་དྲ་བ། 6838