སྒྲ་གཟུགས་གཉིས་ལྡན་གྱི་བསྡུས་གྲྭའི་འཁྲིད་ཆས་ངོ་སྤྲོད་རགས་བསྡུས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-08 12:23:00 ཀློག་གྲངས།:

                 
བསྡུས་གྲྭའི་སློབ་དེབ་རྩོམ་སྒྲིག་པ་དང་བསྡུས་གྲྭའི་འཁྲིད་ཆས་སྒྲིག་སྦྱོར་བ་དགེ་རྒན་དོན་གྲུབ་ཚེ་རིང་།

         བོད་ཀྱི་སློབ་གྲྭ་ཁག་ན་སྒྲ་རིག་པའི་ཡན་ལག་སུམ་རྟགས་སྙན་ངག་མ་གཏོགས་ཁྱབ་བརྡལ་དུ་གཏོང་ཐུབ་ཀྱི་མེད་པ་རེད། དགོན་སྡེ་ཁག་ན་དར་ཁྱབ་ཆེ་ཞིང་སློབ་གྲྭར་དར་མ་ཐུབ་པའི་ནང་བསྟན་དང་ཚད་མའང་སྔོག་འདོན་བྱས་ཏེ་སློབ་གྲྭ་ཁག་ལ་དར་དུ་མ་བཅུག་ན་རབ་བྱུང་བ་ཇེ་ཉུང་དུ་འགྲོ་བའི་སྤྱི་ཚོགས་གནས་བབས་ཁྲོད་ནས་འཇིག་ཉེན་ཆེ་བས།དེ་ནི་ཐུགས་བསམ་གཏོང་དགོས་པའི་དོན་ཞིག་རེད་སྙམ། ད་ལྟ་མཚོ་ལྷོས་གསར་དུ་བསྒྲིགས་པའི་བསྡུས་གྲྭའི་སློབ་དེབ་ནི་རྫོང་ཁག་ལྔ་བོས་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན། ཡིན་ཡང་སྔོན་མེད་གསར་དུ་བཞག་པའི་བསྡུས་གྲྭ་ཁྱབ་བརྡལ་དུ་གཏོང་བ་དང་དགེ་རྒན་རྣམ་པར་སློབ་ཁྲིད་ཐད་ལ་སྟབས་བདེ་བཟོ་ཆེད་བསྡུས་གྲྭའི་འཁྲིད་ཆས་ཞེས་པ་འདི་ཉིས་སྟོང་དགུ་ལོའི་ཟླ་མཇུག་ཏུ་ལས་མགོ་བརྩམས་པ་ཡིན།ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བའི་ཟླ་མགོར་ལེགས་འགྲུབ་འབྱུང་ངེས་ཡིན།འདིར་སློབ་ཚན་ཉི་ཤུ་ཡོད་པ་དང་།ཐུན་བདུན་ཅུ་དོན་གཅིག་ཡོད་པ་དང་། ཐུན་རེར་མི་བརྗེད་དྲན་གསོའི་སྟེགས་བུ་དང་། བློ་གསལ་འཇུག་བདེ་ལམ་བུ།  ཐོས་བསམ་ངོམ་པའི་འབྲས་རྟགས།  སྟོང་དཀྲུགས་འོ་མའི་མར་ལོ།  སྣོད་ལྡན་སློབ་མའི་ལེགས་སྐྱེས་བཅས་ཚན་པ་ལྔ་ཡིས་གྲུབ་ཡོད།སྣོད་ལྡན་སློབ་མའི་ལེགས་སྐྱེས་ངོས་སུ་བོད་ཀྱི་དམངས་གླུ་དང་ཨ་རྩེད།རྡུང་ལེན། གླུ་དབྱངས་བཅས་དོན་གཅིག་ལྷག་ཡོད། རྒྱ་ཡིག་དང་དབྱིན་ཡིག་གི་འཁྲིད་ཆས་ལ་ཟུར་ལྟ་བྱས་ཏེ། སྒྲ་གཟུགས་གཉིས་ལྡན་གྱི་བོད་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་པའི་བསྡུས་གྲྭའི་འཁྲིད་ཆས་ཤིག་ཡིན།དགེ་གྲོགས་རྣམ་པ། ང་ཚོས་མེད་པ་ཡོད་པ་དང་། ཡོད་པ་འཐུས་ཚང་དུ་བཏང་སྟེ་བོད་ཀྱི་རིག་གནས་ཁྱབ་བརྡལ་དུ་གཏོང་དགོས་པ་དང་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་བཏང་སྟེ་དྲ་ཐོག་ནས་ཐད་ཀར་མི་རྣམས་ལ་མཁོ་སྤྲོད་བྱེད་པ་དང་།བོད་ཡིག་གི་འཁྲིད་ཆས་དྲ་ཐོག་ནས་ཕབ་ལེན་བྱེད་རྒྱུ་མེད་པའི་སྟོང་ཆ་དེ་ང་ཚོ་མི་རེ་རེས་སྐོང་ཅི་ཐུབ་བྱེད་རྒྱུ་ནི་ང་ཚོའི་འོས་འགན་དུ་བསམ་པར་འཚལ།
                                               

བསྡུས་གྲྭའི་འཁྲིད་ཆས་ཀྱི་མདུན་ཤོག་པར་རིས།

བསྡུས་གྲྭའི་འཆད་ཁྲིད་མེ་ལོང་།

དབྱིབས་བརྒྱད་ཀྱི་མཚོན་བྱེད་དཔེ་རིས།

རྩོད་པའི་དགའ་ཚལ།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།