སྲས་མོའི་ལོག་ཕེབས།༼༢༽སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་ཉེ་གནས་མཇལ་བར་ཟི་ལིང་དུ་ཕེབས་པ།
ཟི་ལིང་གི་གནམ་གྲུ་ཐང་དུ།
ཧོར་ཟླ་དང་པོའི་ཚེས་གཉིས་ཉིན། ཁ་བ་དཀར་པོས་ཡོངས་སུ་བཀླུབས་པའི་ཟི་ལིང་གི་གནམ་གྲུ་ཐང་དུ་ཞོང་ཧྭ་རྫོང་དང་མཚོ་ལྷོ་ཁུལ་ནས་འོངས་པའི་བོད་པ་སེར་སྐྱ་སུམ་བརྒྱ་ལྷག་འདུས་ཏེ། རེ་ལྟོས་ཆེན་པོས་པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་འཁྲུངས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཆོ་གར་ཞུགས་པར་འོང་བའི་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་ལ་སྒུག་འདུག
དགོན་པ་དང་ཕ་གཞིས་ནས་ཐོན་པའི་གྲྭ་བཙུན་དང་ཡུལ་མི་སྤུན་ཟླ་རྣམས་ཀྱིས་སྔུན་བསུས།
སྔ་དྲོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་པེ་ཅིང་ནས་འཕུར་འོངས་པའི་གནམ་གྲུ་དུས་ལྟར་སླེབས་བྱུང་ཞིང་། དགའ་ཞིང་གུས་པའི་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པའི་གོམ་སྟབས་མ་མཇལ་ཡུན་རིང་འདས་པའི་ཕ་ས་དྲོན་མོར་བསྒྱུར། དགོན་པ་དང་ཕ་གཞིས་ནས་ཐོན་པའི་གྲྭ་བཙུན་དང་ཡུལ་མི་སྤུན་ཟླ་རྣམས་ཀྱིས་དྲི་མེད་ཀྱི་ལྷ་རྫས་དཀར་པོ་བཏེགས་ཏེ་སྔུན་བསུས་ཤིང་། བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས་ཞེས་དུངས་སེམས་ཀྱི་འབོད་པས་གནམ་གྲུ་ཐང་ཆེན་ཡོངས་སུ་ཁེངས།
ཨ་ཕྱི་ཡབ་གཞིས་བསོད་ནམས་སྒྲོལ་མར་མཇལ་བ།
སྲས་མོ་དང་ཁོ་མོའི་ཨ་ཁུ་མགོན་པོ་སྐྱབས།
ཟི་ལིང་གི་མགྲོན་ཁང་དུ་ཐོན་མ་ཐག སྲས་མོ་ཅུང་ཙམ་སྡོད་ལོང་མེད་པར་བྲེལ་སྟབས་ཀྱིས་ཐད་ཀར་ལོ་ངོ་ཉི་ཤུའི་རིང་ལ་མ་ཕྲད་པའི་ཨ་ཕྱི་ཡབ་གཞིས་བསོད་ནམས་སྒྲོལ་མར་མཇལ་དུ་ཆས། གྱེས་པ་ལྷན་འཛོམས་ཀྱི་ཨ་ཕྱི་དང་ཚ་མོ་གཉིས་དམ་དུ་འཐམས། དམ་དུ་འཐམས་ཤིང་འཐམས་བཞིན་སླར་ཡང་འཛོམས་པའི་བདེ་སྐྱིད་ཀྱི་མིག་ཆུ་དབང་མེད་དུ་བཞུར།
ཁྱིམ་མི་མཉམ་འཛོམས་ཀྱི་གསོལ་སྟོན་བཤམས།
ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་། ཁྱིམ་མི་མཉམ་འཛོམས་ཀྱི་གསོལ་སྟོན་ཐོག་སྐུ་ཞབས་ཤ་བོ་སྐྱབས་དང་ཚེ་རིང་རྡོ་རྗེ་གཉིས་ནས་སོ་སོར་པཎ་ཆེན་སྐུ་ཕྲེང་བཅུ་བའི་མཚོ་སྔོན་གྱི་ཉེ་གནས་དང་པཎ་ཆེན་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དག་གི་བུ་བུ་མོའི་ཚབ་བྱས་ཏེ་དགའ་བསུའི་གཏམ་བརྗོད་སྤེལ་ཅིང་། ཉེ་མི་གྲོགས་པོ་རྣམས་ཀྱིས་གླུ་ལེན་གར་རྩེ་བྱས་པ་དང་། དགའ་སྤྲོའི་དགོད་སྒྲས་རྣམ་པར་ཁེངས།
གསོལ་སྟོན་གྱི་སྟེང་དུ་སྲས་མོ་རིག་འཛིན་དབང་མོས་གཏམ་བཤད་བཞིན་པ།
གསོལ་སྟོན་གྱི་སྟེང་དུ་སྲས་མོ་རིག་འཛིན་དབང་མོས་བཤད་རྒྱུར། “དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་སྟེ། ཕ་ས་མཚོ་སྔོན་དུ་གོམ་ཁ་བསྒྱུར་མ་ཐག་ཉེ་གནས་གྲོགས་པོ་དག་གི་དགའ་བསུ་དང་སྣེ་ལེན་རྒྱ་ཆེན་པོ་ཐོབ། ཁྱེད་ཅག་དང་ཕྲད་པས་ང་རང་གིས་མང་པོ་མང་པོ་ཞིག་ཕྱིར་དྲན་བྱས་བྱུང་། ང་རང་ལོ་གསུམ་དང་ཕྱེད་ཀའི་སྟེང་ཡབ་ཡུམ་གཉིས་དང་མཉམ་དུ་ཕ་ཡུལ་ལ་ཐེངས་གཅིག་ཡོང་མྱོང་ཞིང་། ཕ་ཡུལ་གྱི་རི་ཆུ་དང་། ཕ་ཡུལ་གྱི་དགོན་པ། ངའི་ཡབ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com