༄༅།།སི་ཁྲོན་ཁྲི་ཚང་དུ་ས་ཡོམ་ཆེན་པོ་བྱུང་བར་བོད་ལྗོངས་ཕྱོགས་ནས་ཞལ་འདེབས་འབུལ་སྟངས།
སི་ཁྲོན་ཁྲི་ཚང་ཞེས་བྱ་བའི་ཡུལ་དུ་ས་ཡོམ་ཆེན་པོས་གནོད་འཚེ་བཏང་བས་མཐོ་སྒང་གི་མི་སེམས་འགུལ་བར་བྱས་ཡོད་ཅིང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མགྱོགས་མྱུར་སྒོས་གནོད་ཐེབས་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་རྣམས་ཀྱི་ཆེད་དུ་བརྩེ་སེམས་ཕངས་མེད་དུ་སྦྱིན་བྱུང་བ་དང་། ཞལ་འདེབས་འབུལ་བར་སྟབས་བདེ་གང་ལེགས་ཐོབ་ཆེད། ཞལ་འདེབས་འབུལ་བའི་ས་གནས་དང་ཁ་པར། རྩིས་ཐོའི་ཨང་གྲངས་སོགས་འབྲེལ་ཡོད་བརྡ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད།
དང་པོ། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་བོའི་ཚོགས་པ།
ཁ་པར།༠༨༩༡---༦༨༦༤༢༡༥
ཐོ་ཁུངས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་གི་ཡ་གྱལ་བོད་ལྗོངས་ཡན་ལག་ཁང་།
ཐོ་ཁུངས་ཀྱི་མིང་། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་བོའི་ཚོགས་པ།
རྩིས་ཐོའི་ཨང་གྲངས། ༠༠༡༦༤༠༠༨༠༩༢༠༠༡
གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་བྱམས་སྙིང་རྗེའི་སྤྱི་ཁྱབ་ཚོགས་པ།
ཁ་པར། ༠༡༨༩༡---༦༨༣༣༣༣༥(བརྙན་སྐྱེལ )༠༨༩༡---༦༨༢༦༨༤༩
ཐོ་ཁུངས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་གི་ཡ་གྱལ་ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་གྱི་ཡན་ལག་ཁང་།
ཐོ་ཁུངས་ཀྱི་མིང་། བོད་ལྗོངས་ཀྱི་བྱམས་སྙིང་རྗེའི་ཚོགས་པ།
རྩིས་ཐོའི་ཨང་གྲངས། ༠༣༦༦༩༩༠༨༠༩༡༠༠༡
གསུམ་པ། ཀྲུང་གོའི་དབྱི་ཏུང་ཞེས་བྱ་བའི་ཀུང་ཟི་དང་རྒྱ་གྲམ་དམར་བོ་ཚོགས་པ་གཉིས་ཀྱིས་བརྡ་འཕྲིན་བསྐུར་ཏེ་ས་ཡོམ་བྱུང་ནས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་ཞལ་འདེབས་འབུལ་ཆོག་པའི་ལས་སྟེགས་ཤིག་བསྒྲུབ་ཡོད་པ་ནི་ཨང་གྲངས་༡༠༦༩༩༩༩༣༠༡འདི་བརྒྱུད་ནས་སྒོར་གྱི་ཁ་གྲངས་༡འམ་༢་བསྐུར་ན་ཞལ་འདེབས་སྒོར་༡དང་༢འབུལ་ཆོག་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com