༄༅ །། ཐེམ་ཆེན་རྫོང་ལ་བྱིས་པའི་ཕན་བདེ་ཁང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ།
ཟླ༡༠བའི་ཚེས༥ཉིན་ནི། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན། མཚོ་སྔོན་རྡོ་སོལ་སྲེག་མ་ཐོན་ལས་ཚོགས་སྒྲུབ་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཁྲི༡༢༠ལྷག་ཞལ་འདབས་སུ་ཕུལ་ཏེ་ཐེམ་ཆེན་རྫོང་བྱིས་པའི་ཕན་བདེ་ཁང་བཙུགས་ནས་དངོས་སུ་སྒོ་ཕྱེས།ཐེམ་ཆེན་རྫོང་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བྱིས་པའི་ཕན་བདེ་ཁང་འདིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ༢༤༠༠ཡོད་ལ། བཟོ་སྐྲུན་སྒྲིག་ཆས་རྣམས་འཐུས་ཚང་ཡིན་པ་དང་། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་བྱིས་པ༢༠ལྷག་གི་འཚོ་སྡོད་གནད་དོན་ཐག་གཅོད་བྱེད་ཐུབ་ཅིང་། ཐེམ་ཆེན་རྫོང་དུ་བྱིས་པའི་ཕན་བདེ་ཁང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com