༄༅ །། དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱིས་བསྒྲུབས་པའི་བྱ་བའི་གྲུབ་འབྲས་སྐོར།
རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱི་མིང་སྔོན་མར་ཞོ་འོང་དཔྱི་དགེ་འདུན་ཆོས་འཕེལ་སློབ་གསོ་ཐེབས་རྩ་ཚོགས་པ་ཟེར་ཞིང༌།ཚོགས་པ་དེ་༡༩༩༨ལོ་གསར་དུ་བཙུགས་པ་ནས་སྣ་མང་རང་བཞིན་གྱི་སྤྱི་ཚོགས་རོགས་སྐྱོབ་བྱ་འགུལ་སྤེལ་ཏེ་རང་ས་གནས་ཀྱི་དཔལ་འབྱོར་གོང་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་མ་དངུལ་བརྩོན་ལེན་བྱས་ནས་ཧུར་ཐག་གི་སློབ་གསོ་དང་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། རིག་གནས་འཛུགས་སྐྲུན་བཅས་རྣམ་གྲངས་ཆེན་པོ་བཞི་ལ་གྲུབ་འབྲས་མངོན་གསལ་བླངས། ༡༩༩༨ལོར་ཚོགས་པ་འདིའི་དགེ་རྒན་གྱི་གླ་ཆ་དང་འཚོ་བའི་གྲོན་དངུལ་རང་སྒེར་གྱིས་བཏང་དེ་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་སློབ་མར་དབྱིན་ཡིག་དང་རྒྱ་ཡིག རྩིས་རིག་སོགས་ཀྱི་སློབ་ཁྲིད་གནང་བའི་བྱ་འགུལ་སྤེལ་བར་ས་གནས་སློབ་གསོའི་སྡེ་ཁག་དང་ཁྱིམ་བདག་དག་གིས་བསྟོད་བསྔགས་ཐོབ། ༢༠༠༢ལོར་དམངས་སྒོར་ས་ཡ་༤བརྩོན་ལེན་བྱས་ཏེ་དགེ་འདུན་ཆོས་འཕེལ་སློབ་འབྲིང་བཙུགས་པར། ས་དེ་ཀའི་སློབ་མའི་སློབ་ཞུགས་ཚད་སྔར་གྱི་༦༠%དེ་༩༨%ལ་འཕར་དུ་བཅུག་པས་རང་རྫོང་གི་རྨང་གཉིས་བྱ་བར་བྱས་རྗེས་བླ་ན་མེད་པ་བཞག ལོ་དེར་དམངས་སྒོར་ཁྲི་༤.༥བརྩོན་ལེན་བྱས་ཏེ་དགེ་ཆོས་སློབ་འབྲིང་གི་སློབ་མའི་ཇ་ཁང་གི་སྣོད་ཆ་སྐོར་གསུམ་ཉོས། ༢༠༠༣ལོར་ཚོགས་པ་འདིའི་གཞི་ཁྱོན་ཁྱབ་ཆེན་པོས་ཇེ་ཆེར་བཏང་བ་ནས་སྔར་གྱི་མིང་དེ་“རེབ་གོང་དགེ་འདུན་ཆོས་འཕེལ་ཐེབས་རྩ་ཚོགས་པ”རུ་བསྒྱུར། ལོར་དེར་མ་དངུལ་དམངས་སྒོར་ཁྲི་བརྒྱད་དང་སྟོང་གཉིས་བརྩོན་ལེན་བྱས་ཏེ་དགེ་ཆོས་སློབ་འབྲིང་ལ་སློབ་མའི་གློག་ཀླད་༢༣ཉོས། ༢༠༠༤ལོར་དམངས་སྒོར་ཁྲི་༢བརྩོན་ལེན་བྱས་ཏེ་ཞོ་འོང་དཔྱི་གྲོང་ཚོའི་སྔགས་མང་གི་འཆམ་ལྭ་དང་མཆོད་རྫས་ཉོས་པ་དང་དམངས་སྒོར་ཁྲི༢བརྩོན་ལེན་བྱས་ནས་དགེ་ཆོས་སློབ་འབྲིང་ལ་དཔེ་ཚོགས་དེབ་ཁྲི་གཅིག་ལྷག་ཉོས། ༢༠༠༥ལོར་དམངས་སྒོར་ཁྲི༡བརྩོན་ལེན་བྱས་ཏེ་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་གསོ་བྱ་བར་འབུར་ཐོན་ཅན་ལ་བྱ་དགའ་སྟེར་བའི་བྱ་འགུལ་སྤེལ་ནས་དགེ་རྒན་དག་གི་སློབ་གསོ་བྱ་བའི་ཧུར་བརྩོན་རང་བཞིན་ལ་གཞོགས་འདེགས་བྱས། ༢༠༠༦ལོར་མ་དངུལ་དམངས་སྒོར་ཁྲི༥བརྩོན་ལེན་བྱས་ཏེ་ཞོ་འོང་དཔྱི་གྲོང་ཚོར་གསང་སྤྱོད་ཁང་གཉིས་ལས། ལོར་དེར་ད་དུང་དམངས་སྒོར་ཁྲི་༡༡དང་སྟོང་༨བརྩོན་ལེན་བྱས་ནས་ཁུལ་ཡོངས་ལ་ཁ་གཏད་དེ་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ༧དང་མཐོ་འབྲིང་སློབ་མ༦༣ལ་སློབ་ཡོན་སྟེར་བའི་བྱ་འགུལ་སྤེལ། ༢༠༠༧ལོར་དམངས་སྒོར་སྟོང༩བརྩོན་ལེན་བྱས་ནས་ཞོ་འོང་གྲོང་ཚོ་ཚོད་ལྟའི་རྣམ་གྲངས་བྱས་ཏེ་ཁྱིམ་གྲངས་ལྟར་བྱི་ལ་གསོ་བའི་བྱ་འགུལ་སྤེལ་ཏེ་ཙི་གུའི་གནོད་འཚེ་བཀག་ནས་རི་དྭགས་དང་འདབ་ཆགས་ལ་སྲུང་སྐྱོབ་ཐོབ་པ་དང་མིའི་བདེ་ཐང་ལ་ཕན་པ་སྐྲུན། ལོ་དེའི་ཟླ༢པར་མ་དངུལ་སྒོར་ཁྲི༩བརྩོན་ལེན་བྱས་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གནའ་ཤུལ་བསྐྱར་བཟོ་དང་ཤུལ་བཞག་སྲུང་སྐྱོབ་བྱས། ཟླ་༥བར་དམངས་སྒོར་ཁྲི་༢༣བརྩོན་ལེན་བྱས་ནས་རང་ཁུལ་གྱི་རྫོང་བཞིའི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ་དང་མཐོ་འབྲིང་སློབ་མར་སློབ་ཡོན་སྤྲད། མིག་སྔར་གྱི་ནུས་ཤུགས་ལ་བརྟེན་དེ་ངེད་ཚོགས་པས་NGOརྩ་འཛུགས་གཞན་པ་ལ་འབྲེལ་བ་བཙུགས་ཏེ་མ་དངུལ་གྱི་ཡོངས་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཚོགས་པའི་བྱ་བ་བསྒྲུབས་ཚད་སྔར་བས་འཐུས་ཚང་དུ་བཏང་བར། དཔེར་ན་ན་ནིང་ཨ་རིའི་ཟམ་པ་ཐེབས་རྩ་ཚོགས་པའི་མགོ་ཁྲིད་རྣམས་ངེད་ཚོགས་པར་ཞིབ་དཔྱོད་དང་མཛུབ་སྟོན་དུ་ཕེབས་ཏེ་ནན་གྱིས་བྱ་བའི་གནས་ཚུལ་རྒྱུས་ལོན་བྱས་རྗེས་ཡིད་ཆེས་ཆེན་པོའི་བསྔགས་བརྗོད་གནང་སྟེ་བཤད་རྒྱུར “ཁྱེད་ཅག་གིས་མི་སྒེར་ལ་ཁེ་སྤོགས་ཅི་ཡང་མེད་པའི་སྒོ་ནས་བྱ་བ་འདི་འདྲ་ཞིག་བསྒྲུབས་ཡོད་པ་ཧ་ཅང་བཟང་བོ་འདུག ཁྱེད་ཚོགས་པ་ནི་ངེད་ཅག་ཚོགས་པའི་མཉམ་འབྲེལ་ལས་གྲོགས་ཡིན་པ་ཐག་གཅོད་བྱས་པ་ཡིན་ཟེར།”དོན་བཟང་འདིས་ངེད་ཚོགས་པ་རྒྱ་བསྐྱེད་པར་མ་དངུལ་གྱི་ཡོངས་ཁུངས་གསར་བ་ཞིག་གནན་སོང༌། གོམ་པ་ཐོག་མ་སྤོ་བཞིན་པའི་རེབ་གོང་དགེ་འདུན་ཆོས་འཕེལ་ཐེབས་རྩ་ཚོགས་པའི་ཚོགས་མི་རེ་རེ་ཕྱིའི་འབྱུང་གི་བྱ་བར་ཆོད་སེམས་བརྟན་ལ་ཧུར་བརྩོན་གྱི་བསམ་པ་ལྡན་པས་སྤྱི་ཚོགས་ལ་ངེས་པར་དུ་མཁོ་པའི་ཚོགས་པ་ཞིག་དུ་འགྱུར་གྱིན་ཡོད་པ་མིག་མཐོང་ལག་ཟིན་ཡིན་ན། ༢༠༠༧ལོའི་ཟླ༡༡པ་ནས་་ངེད་ཚོགས་པས་ཀྱང་ཁྱབ་རྒྱ་ཇེ་ཆེར་བཏང་དེ་ཆོགས་མིང་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་སུ་བསྒྱུར་བ་ཡིན། དེའི་ཕྱིན་དེང་ཕྱིན་གྱི་ཆར་ཡང་ཚོགས་པ་འདིས་རྨ་ལྷོ་ས་ཁུལ་གྱི་སློབ་གསོ་དང་རིག་གནས། འཕྲོད་སྟེན༌། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་ནུས་ཤུགས་གསར་བ་འདོན་པར་འབད་པ་ལྷོད་མེད་བྱེད་བཞིན་ཡོད། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com