བོད་ལྗོངས་རྟེན་མཛོད་ཁང་གི་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས།
བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་།
བོད་ལྗོངས་རྟེན་མཛོད་ཁང་ནི་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་གའི་ཤར་ལྷོའི་ཟུར་ན་ཡོད་ཅིང་། བོད་ལྗོངས་ཀྱི་ཆེས་ཐོག་མའི་དེང་རབས་ཅན་གྱི་སྤྱོད་ནུས་ལྡན་པའི་རྟེན་མཛོད་ཁང་ཞིག་ཡིན་ལ། དེའི་ས་ངོས་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ53959དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ23508། བཤམས་སྟོན་ཁང་གི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ10451བཅས་ཡིན།
བོད་ལྗོངས་རྟེན་མཛོད་ཁང་དུ་བཤམས་པའི་རིག་དངོས།
བོད་ལྗོངས་རྟེན་མཛོད་ཁང་དུ་གཅེས་ཉར་བྱས་པའི་ཁྱད་ནོར་ཕུན་སུམ་ཚོགས་ཤིང་། དཔེར་ན་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྣ་ཚོགས་དང་། ལྷ་སྐུ། རྒྱལ་རབས་རིམ་བྱོན་གྱི་གསེར་བྲིས་དང་དངུལ་བྲིས། བྱུར་བྲིས་སོགས་ཀྱི་བོད་ཡིག་གནའ་དཔེ། རྒྱལ་རབས་རིམ་བྱོན་དུ་ཀྲུང་དབྱང་སྲིད་གཞུང་གིས་བླ་ཆེན་ལ་གནང་བའི་གསེར་ཐམ། གསེར་བུམ་སོགས་དང་། ཐང་ག རོལ་ཆས་དང་ཆོས་ཆས་སྣ་ཚོགས། དེ་མིན་མི་རིགས་ཀྱི་ཁྱད་འཕགས་ལག་བཟོས་ཐོན་རྫས་སོགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com