ཞི་བདེ་ཉི་མས་བོད་ཀྱི་བརྙན་འཕྲིན་ཟློས་གར་དང་གློག་བརྙན་ལས་རིགས་སུ་བཞག་པའི་མཛད་རྗེས།
གློག་བརྙན《ཨ་རིག་བུ་མོ་འབྲི་བརྒྱ་མའི》དྲིལ་བསྒྲགས་པར་རིས།
《ཨ་རིག་བུ་མོ་འབྲི་བརྒྱ་མ》ལ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་དམངས་སྲོལ་དྲིལ་བསྒྲགས་བྱ་དགའ་ཐོབ་པ་རེད། དེ་ལས་གཞན་ཁོས་ཕབ་སྐྲུན་བྱས་པའི《པད་རྡོ》《ཁྱིམ》སོགས་བརྩམས་ཆོས་རིན་ཐང་ལྡན་པ་མང་པོ་བསྐྲུན་དང་བསྐྲུན་བཞིན་མཆིས།
གློག་བརྙན་དང་བརྙན་འཕྲིན་ཟློས་གར་འདི་དག་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། ཧྲན་ཞི་བརྙན་འཕྲིན་ཁང་། ཁྲུང་ཆིན་བརྙན་འཕྲིན་ཁང་། ཧྲིན་ཀྲིན་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། ཧྥ་རན་སིའི་ནན་ཐི་བརྙན་འཕྲིན་ཁང་། ཞང་ཀང་གློག་བརྙན་བརྙན་འཕྲིན་ཁང་སོགས་ནས་བརྒྱུད་གཏོང་བྱས་ཡོད།
ཁོའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་བརྩམས་ཆོས་གང་ཡིན་ནའང་ཐད་ཀར་བོད་མི་རིགས་ཀྱི་ལྟ་མཁན་ཉན་མཁན་ལ་ཁ་ཕྱོགས་ཡོད་སྟབས། བོད་མདོ་དབུས་ཁམས་གསུམ་གྱིས་བོད་རིགས་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག་ལ། ཁོ་ནི་བོད་པ་རྣམས་ཆེས་དགའ་བའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། དེ་ལས་གཞན་བོད་ཀྱི་སྙན་ངག་དང་འཁྲབ་གཞུང་། གར་ཆུང་། གཞས་ཚིག སྐད་སྦྱོར་སོགས་རིག་གནས་ཁྱབ་ཁོངས་སོ་སོའི་ནང་བྱས་རྗེས་མི་དམན་བཞག་ཡོད་པའི་བོད་པའི་དེང་རབས་སྒྱུ་རྩལ་མཁས་ཅན་ཞིག་ཀྱང་རེད།
ལོ་འདི་དག་ལ་ཁོང་ནས་གློག་བརྙན་དང་བརྙན་འཕྲིན་ལ་མོས་པ་ཡོད་པའི་སློབ་བུ་མང་པོ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་ཀྱི་ཕྱོགས་སུ་བསྐྱེད་བསྲིང་དང་། ཁྲིད་སྟོན་བྱས་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་ནུས་པ་འདོན་དང་འདོན་བཞིན་ཡོད།
ཞར་བཀོད།
ཞི་བདེ་ཉི་མས་གློག་བརྙན་དང་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་ལས་རིགས་ཁག་ཏུ་བླངས་པའི་གྲུབ་འབྲས་གཟེངས་རྟགས་སྐོར་ཞིག
གློག་བརྙན《སྒྲོལ་མའི་མགུལ་རྒྱན》གྱི་དྲིལ་བསྒྲགས་པར་རིས།
འཁྲབ་གཞུང་དང་འཁྲབ་ཁྲིད། བརྙན་ལེན་བྱས་པའི་བརྙན་འཕྲིན་ཟློས་གར《བྱུར་རུའི་སྐེ་རྒྱན།》ལ། སྐབས་དང་པོའི་ཀྲུང་གོའི་ནུབ་བརྒྱུད་བརྙན་གཟིགས་དུས་ཆེན་སྟེང་། ཕུལ་བྱུང་བརྙན་འཕྲིན་ཟློས་གར་ཐུང་བའི་བྱ་དགའ་དང་། ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།
འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་པའི་བརྙན་འཕྲིན་ཟློས་གར་《མོ་སྟོན་ཕག་མགོ》ལ། སྐབས་གསུམ་པའི་ཀྲུང་གོའི་སྤྲོ་གར་གློག་བརྙན་དུས་ཆེན་སྟེང་དཔྱད་འདེམས་ཚོགས་པའི་འཁྲབ་སྟོན་པའི་བྱ་དགའ་ཐོབ།
འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་བྱས་པའི་གློག་བརྙན《སྒྲོལ་མའི་མགུལ་རྒྱན》ལ། སྐབས་དང་པོའི་ཀྲུང་གོའི་ནུབ་ཕྱོགས་སློབ་ཆེན་གློག་བརྙན་དུས་ཆེན་སྟེང་། ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།
འཁྲབ་ཁྲིད་དང་བརྙནལེན་བྱས་པའི་དངོས་བཤུས་གློག་བརྙན《རྟ་མགྲིན་བཟང་མོ》ལ། སྐབས་གཉིས་པའི་ཧྲིན་ཀྲིན་གློག་བརྙན་དུས་ཆེན་སྟེང་། ཕུལ་བྱུང་དངོས་བཤུས་གློག་བརྙན་་གྱི་བྱ་དགའ་དང་། སྐབས་བཅུ་བའི་ཀྲུང་གོའི་ན་ཆུང་བྱིས་པའི་གློག་བརྙན་དུས་ཆེན་སྟེང་། འགྲེམས་སྟོན་ཚན་པའི་བྱ་དགའ་དང་། ཀྲུང་གོའི་ཕུལ་བྱུང་དངས་བཤུས་གློག་བརྙན་ནང་འདམས་ཐོན་བྱུང་པ།
འཁྲབ་གཞུང་དང་འཁྲབ་ཁྲིད། བརྙན་ལེན་བྱས་པའི་གློག་བརྙན་ཐུང་ཐུང《སེམས་ཀྱི་ཁ་དོག》ལ། ཀོང་ཏུང་སྐབས་གསུམ་པའི་གྲངས་རྩིས་གློག་བརྙན་དུས་ཆེན་སྟེང་ཕུལ་བྱུང་བརྙན་ཐུང་གི་བྱ་དགའ་ཐོབ།
དངོས་ཞུའི་གློག་བརྙན《སྐལ་བཟང་གི་གཟའ་མཇུག》གི་དྲིལ་བསྒྲགས་པར་རིས།
འཁྲབ་ཁྲིད་དང་བརྙན་ལེན་བྱས་པའི་དངོས་བཤུས་གློག་བརྙན྇《སྐལ་བཟང་གི་གཟའ་མཇུག》ལ། ཀྲུང་གོ་ནུབ་ཕྱོགས་སློབ་ཆེན་གློག་བརྙན་དུས་ཆེན་སྟེང་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་དང་། ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ་ཐོབ།སྐབས་གསུམ་པའི་ཧྲིན་ཀྲིན་ཨང་རྩིས་གློག་བརྙན་དུས་ཆེན་སྟེང་ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ་ཐོབ།
འཁྲབ་ཁྲིད་དང་བརྙན་ལེན་བྱས་པའི་དངོས་བཤུས་གློག་བརྙན《ལམ།》ལ2008ལོར་ཞང་ཀང་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་ཆེན་གྱི་འདམས་ཐོན་བརྩམས་ཆོས་བྱ་དགའ་ཐོབ།
འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་དགོང་ཚོགས《བཀྲ་ཤིས་པའི་སྐྱ་རེངས་།》ལ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
སྐད་སྦྱོར་འཁྲབ་ཁྲིད་དང་སྐད་སྤྱོར་བྱས་པའི་བརྙན་འཕྲིན་ཟློས་གར《ཇིང་གར་རྒྱལ་པོ》ལ། སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་འཕྲིན་རྟ་མཆོག་རྟགས་ཅན་གྱི་ཕུལ་བྱུང་སྒྱུར་སྐྲུན་གློག་བརྙན་གྱི་བྱ་དགའ་ཐོབ།
སྐད་སྦྱོར་འཁྲབ་ཁྲིད་་བྱས་པའི་བརྙན་འཕྲིན་ཟློས་གར《དཔའ་རྒོད་རྣམ་གཉིས་》ལ།སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་འཕྲིན་རྟ་མཆོག་རྟགས་ཅན་གྱི་ཕུལ་བྱུང་སྒྱུར་སྐྲུན་གློག་བརྙན་གྱི་བྱ་དགའ་ཐོབ།
སྐད་སྦྱོར་འཁྲབ་ཁྲིད་་བྱས་པའི་གློག་བརྙན་《ཕུན་དམག་སྤྱི》ལ། མཚོ་སྔོན་ཞིང་ཆེན་་གྱི་ཕུལ་བྱུང་སྒྱུར་སྐྲུན་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
སྐད་སྦྱོར་འཁྲབ་ཁྲིད་་བྱས་པའི་གློག་བརྙན《ཡོན་མིན་གླིང་ག་མེ་ཡིས་འཇིགས》ལ།མཚོ་སྔོན་ཞིང་ཆེན་་གྱི་ཕུལ་བྱུང་སྒྱུར་སྐྲུན་གློག་བརྙན་གྱི་བྱ་དགའ་ཨང་དང་པོ་ཐོབ།
འཁྲབ་གཞུང་ལོ་ཙྭ་དང་སྐད་སྦྱོར་བྱས་པའི་བརྙན་འཕྲིན་ཟློས་གར《སུ་རུའི་མེ་ཏོག》ལ།མཚོ་སྔོན་ཞིང་ཆེན་་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
སྙན་ངག《སུ་རུའི་མེ་ཏོག》ལ་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
སྙན་རྩོམ《མི་ཡུལ་གྱི་བརྩེ་ཞེན།》ལ། སྐབས་དང་པོའི་་རླུང་རྟ་རྟགས་ཅན་་གྱི་བོད་ཀྱི་རྩོམ་རིག་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
སྙན་རྩོམ྇《སྐྱོ་གཞས》ལ་་ཆི་ཀྲིན་བུམ་པའི་རྟགས་ཅན་་གྱི་བྱ་དགའ་ཨང་དང་པོ་ཐོབ།
སྙན་རྩོམ《ས་ཆེན་གྱི་སྟེང་དུ》ལ་མཐོ་སྒང་བུམ་པའི་རྟགས་ཅན་་སྙན་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།
འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་རྒྱང་སྒྲོགས་ཟློས་གར《རྩྭ་ཐང་གི་མིག་ཆུ》ལ། སྐབས་བཅུ་བའི་བོད་སྐད་རྒྱང་བསྒྲོགས་རིག་རྩལ་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ།
བརྩམས་སྒྲུང《འབྲི་དེབ་སྟེང་དུ།》ལ། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་ཕྲན་ཐུང་བརྩམས་སྒྲུང་གི་བྱ་དགའ་ཨང་གཉིས་པ་ཐོབ།
འདྲ་པར་བརྩམས་ཆོས《ང་རང་གང་ནས་ཡོང་བར་མ་དྲི་ཅིག》ལ། མཚོ་སྔོན་ཞིང་ཆེན་ཡི་ཁེ་བུམ་པ་རྟགས་ཅན་གྱི་འདྲ་པར་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
གཞས་ཚིག《ཡུལ་ལ་ལོག་པ།》2006ལོར་ཀན་སུའུ་ཞིང་ཆེན་གྱི་རིག་རྩལ་གསར་རྩོམ་ཕུལ་བྱུང་བྱ་དགའ་ཐོབ།
འཁྲབ་བཤད་བྱས་པའི་སྒྲུང་གཏམ《ཀླུ་འབུམ་མི་རྒོད།》ལ། 2005ལོར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་་བྱུང་རིག་རྩལ་བྱ་དགའ་ཐོབ།
2013ལོའི་ཟླ་ལྔ་པའི་ནང་རིན་ཆེན་དོན་འགྲུབ་ནས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com